བོད་ལྗོངས་ཀྱི་གནས་སྐོར་བརྗོད་བྱའི་མྱུར་བགྲོད་ལྕགས་ལམ་གྱི་མེ་འཁོར་ཧྲང་ཧའེ་རུ་ཐེངས་དང་པོར་ཤར་གཏོང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས25ཉིན། “བོད་ལྗོངས་ཀྱི་མཛེས་སྡུག་ལྡན་པའི་གནས་སྐོར་ལྷོ་ཁ་ནས་འགོ་རྩོམ་དགོས”ཞེས་མིང་བཏགས་པའི་མྱུར་བགྲོད་ལྕགས་ལམ་གྱི་མེ་འཁོར་ཐོག་མར་ཤར་གཏོང་བྱེད་པའི་མཛད་སྒོ་ཧྲང་ཧའེ་ཧུང་ཆའོ་བབས་ཚུགས་སུ་འཚོགས་པ་རེད། དེ་ནི་བོད་ལྗོངས་ཀྱི་གནས་སྐོར་བརྗོད་བྱ་གཙོ་བོར་བྱས་པའི་མྱུར་བགྲོད་ལྕགས་ལམ་གྱི་མེ་འཁོར་ཐོག་མ་ཡིན་ཞིང་། བོད་ལྗོངས་ལྷོ་ཁའི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་མེས་རྒྱལ་གྱི་ས་གནས་སོ་སོར་བརྒྱུད་སྤྲོད་བྱས་ནས་ལྷོ་ཁའི་གནས་སྐོར་སྤུས་རྟགས་རིམ་སྤོར་དང་བསྔགས་བརྗོད་ཐོབ་པར་སྐུལ་འདེད་གཏོང་རྒྱུ་རེད། 

139318739_15984088711021n.jpg

 “བོད་ལྗོངས་ཀྱི་མཛེས་སྡུག་ལྡན་པའི་གནས་སྐོར་ལྷོ་ཁ་ནས་འགོ་རྩོམ་དགོས”ཞེས་མིང་བཏགས་པའི་མྱུར་བགྲོད་ལྕགས་ལམ་གྱི་མེ་འཁོར་གྱི་ཕྱི་ནས་ནང་བར་དུ། རླངས་འཁོར་གྱི་ཚོན་ཁྲ་སྦྱར་སྟངས་དང་། བརྙན་འཕྲིན། བརྡ་ཁྱབ་ཚགས་པར། སྒྲོག་ཙེ་སྦྱར་སྟངས། སྤུས་རྟགས་ཀྱི་གནམ་ཡོལ་སོགས་མྱུར་བགྲོད་ལྕགས་ལམ་གྱི་མེ་འཁོར་སྨྱན་སྦྱོར་རྣམ་པ་སྣ་ཚོགས་བརྒྱུད་ཕྱོགས་ཡོངས་དང་། ཟུར་མང་པོ། བརྙན་ལམ་མང་བ་བཅས་ཀྱི་ཐོག་ནས་ལྷོ་ཁའི་ཐུན་མོང་མ་ཡིན་པའི་གནས་སྐོར་མཛེས་ལྗོངས་མངོན་པར་བྱས་ཡོད།

139318739_15984088711961n.jpg

“ལྷོ་ཁའི་གནས་སྐོར་དང་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་མཉམ་འབྲེལ་ཟབ་མོ་བྱས་པ་དེས་ལྷོ་ཁའི་རིག་གནས་དང་གནས་སྐོར་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི‘མགྱོགས་ལམ’ཐོག་བསྐྱོད་པར་སྐུལ་འདེད་གཏོང་ཐུབ་ཅེས་ལྷོ་ཁ་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཧྲི་ཀྲང་གཞོན་པའམ་ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པའི་རུ་སྣེ་འཁྲིད་མཁན་ཝང་ཧྭ་ཏུང་གིས་དེ་ལྟར་བཤད།

139318739_15984088712421n.jpg

“མྱུར་བགྲོད་ལྕགས་ལམ་གྱི་མེ་འཁོར་གྱིས་ལྷོ་ཁའི་རིག་གནས་དང་གནས་སྐོར་གྱི་ཁྱབ་འགྱེད་ས་ཁོངས་ཆེ་རུ་གཏོང་ཐུབ་པ་མ་ཟད། ལྷོ་ཁའི་གནས་སྐོར་གྱི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་གཏོང་ཐུབ། དེ་དང་ཆབས་ཅིག་རྒྱ་ཆེའི་གནས་སྐོར་བར་སྔར་ལས་སྐྱིད་སྣང་ལྡན་པ་དང་དེ་ལས་བློ་ཡིད་ཚིམ་པའི་གནས་སྐོར་མྱོང་རོལ་མྱོང་བྱེད་ཐུབ།”ཅེས་ཧྲང་ཧའེ་ལྕགས་ལམ་རིག་གནས་བརྡ་ཁྱབ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་མེ་འཁོར་ཡན་ལག་ཀུང་སིའི་སྤྱི་གཉེར་བ་ཡོན་ཧྥུང་གིས་དེ་ལྟར་བཤད།

139318739_15984088713051n.jpg

ད་ལོའི་ལོ་སྟོད་དུ་རིམས་འགོག་ཚོད་འཛིན་རྒྱུན་རྣམ་ཅན་དུ་འགྱུར་བའི་ལས་དོན་ལྷོད་གཡེང་མི་གཏོང་བའི་གནས་ཚུལ་འོག བོད་ལྗོངས་ཀྱི་རིམ་པ་སོ་སོའི་གནས་སྐོར་སྡེ་ཚན་གྱིས“ཚད་བཀག་དང་། ཁ་ཆད་སྔོན་འཇོག ཡང་རྩེ་ལས་གཡོལ་བ”བཅས་ཀྱི་བླང་བྱ་གཞིར་བཟུང་རང་བྱུང་མཛེས་ལྗོངས་རིགས་ཀྱི་གནས་སྐོར་མཛེས་ལྗོངས་ཁུལ་སྒོ་འབྱེད་ཚད་ལྡན་བྱས། གནས་སྐོར་བ་མི་ཐེངས་ཁྲི833ལྷག་ལ་སྣེ་ལེན་བྱས་པ་དང་། ལྷག་པར་དུ་ཟླ5བ་དང6པའི་ཚུན་དུ་བོད་ལྗོངས་ཀྱི་གནས་སྐོར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། དུས་མཚུངས་ལས27.04%དང36.86%འཕར་ནས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།