མདོག་དགུའི་ཀན་ལྷོའི་ཤམ་བྷ་ལ་བསང་ཆུ་རྫོང་གི་སྐབས་གསུམ་པའི་ཤིང་སློང་དུས་ཆེན་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པར་བསང་ཆུ་རྫོང་དུ་སྐལ་བཟང་མེ་ཏོག་བཞད་ལ་དྲི་ཞིམ་ཕྱོགས་བཞིར་ཁྱབ། ཟླ8པའི་ཚེས22ཉིན་ལ2020ལོའི་མདོག་དགུའི་ཀན་ལྷོའི་ཤམ་བྷ་ལ་བསང་ཆུ་རྫོང་གི་སྐབས་གསུམ་པའི་ཤིང་སློང་དུས་ཆེན་དེ་མཛེས་སྡུག་ལྡན་པའི་རྒན་གྱའི་གསེར་ཆེན་ཐང་དུ་སྤེལ་འགོ་ཚུགས།

    ཐེན་ཅིན་གྲོང་ཁྱེར་ནན་ཁའེ་ཆུས་ཨུའི་ཧྲུའུ་ཅི་དབྱང་པིན་དང་ཞིང་ཆེན་ལུས་རྩལ་ཅུའུ་ཡི་རིམ་པ་གཉིས་བའི་སྐོར་ཞིབ་པ་སུན་ཀྲུང་མིན། ཀྲུང་གོ་མཚོ་སྣུམ་སྤྱི་ཕན་ཐེབས་རྩ་ཚོགས་པའི་དྲུང་ཡིག་ཆེན་མོ་གཞོན་པའམ་ལས་གཞི་མཐུན་སྦྱོར་པུའུ་ཡི་པུའུ་ཀྲང་ཝེ་ཝུན་ཕུའུ། ཀྲུང་གོ་མཚོ་སྣུམ་རྡོ་སྣུམ་རྫས་འགྱུར་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམCEOཧོའུ་ཞའོ་ཧྥུན་སོགས་རོགས་སྐྲུན་རོགས་སྐྱོར་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བ་འགོ་ཚུགས་མཛད་སྒོར་ཞུགས།

ཀན་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་གྲོས་ཚོགས་སུ་ཞུགས་པ་མ་ཟད་འགོ་ཚུགས་པ་ཁྱབ་བསྒྲགས་བྱས།

ཀན་ལྷོ་ཁུལ་གྱི་འགོ་ཁྲིད་པ་ཧོ་མོའུ་པའོ་དང་ཧྥུན་ཞའོ་ལིན། ཝང་ཡ་ནན། སྒྲོལ་མ་སྐྱབས། ཀྲོའུ་མེ། རྫོང་དང་གྲོང་ཁྱེར་སོ་སོའི་འབྲེལ་ཡོད་འགན་འཁུར་བ་འགོ་ཚུགས་མཛད་སྒོར་ཞུགས།

བསང་ཆུ་རྫོང་སྲིད་གཞུང་གི་འགན་འཁུར་བ་གཙོ་བོས་ཤིས་ཚིག་ཕུལ།

ཤིང་སློང་དུས་ཆེན་ནི་བསང་ཆུ་རྫོང་གིས་རྫོང་ཡོངས་ཀྱི་གནས་སྐོར་ཐོན་ཁུངས་བསྡུ་སྒྲིལ་དང་གནས་སྐོར་ཐོན་རྫས་དྲིལ་བསྒྲགས། ས་ཁོངས་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཡིན་ལ། བསང་ཆུ་བླ་བྲང་ཤིང་སློང་དུས་ཆེན་གྱི་རིག་གནས་ཤུལ་བཞག་དར་སྤེལ་དང་རྫོང་ཁོངས་རིག་གནས་ཀྱི་སྤུས་རྟགས་གཏོད་པའི་གྲོས་ཚོགས་གཟབ་རྒྱས་ཤིག་ཀྱང་ཡིན། རྫོང་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་ཇེ་མཐོར་གཏོང་བ་དང་ཐོན་ལས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བ་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ། བསང་ཆུའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་གཞི་ནུས་ལྡན་ཞིག་ཡིན།

རྒྱུས་ལོན་བྱུང་བ་ལྟར་ན། ཤིང་སློང་དུས་ཆེན་གྱི་རིང་ལ་ད་དུང་སྐབས་བཞི་བའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྩེད་རིགས་འགྲན་བསྡུར་ཆེན་མོ་དང་སྐབས་གཉིས་པའི་མཐོ་སྒང་གི་ལམ་ཕྱེད་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར། རོལ་དབྱངས་དུས་ཆེན། མེ་ཕུང་དགུང་ཚོགས་སོགས་རིག་རྩལ་བྱ་འགུལ་སྤེལ་རྒྱུ་རེད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།