ཀྲུང་གོ་མཛེས་རྩལ་ཁང་ནས་བོད་རང་སྐྱོང་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་ལས་དོན་ཁྲོད་ཀྱི་ཕུལ་བྱུང་བརྩམས་བྱ་ཉར་ཚགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  ཀྲུང་གོ་མཛེས་རྩལ་ཁང་གིས་གཙོ་གཉེར་བྱས་པའི་ཀྲུང་གོའི་མཛེས་རྩལ་ཁང་གི་དབུལ་གྲོལ་འགག་སྒྲོལ་གྱི་མཛེས་རྩལ་བརྩམས་བྱའི་འགྲེམས་སྟོན་པེ་ཅིང་དུ་བྱས་པ་རེད།  ཤེས་རྟོགས་བྱས་པར་གཞིགས་ན།  ད་ཐེངས་ཀྱི་འགྲེམས་སྟོན་དེ་སྤྱི་ཟླ10བའི་ཚེས11ཉིན་བར་བྱ་རྒྱུ་ཡིན་པ་དང་།  འགྲེམས་སྟོན་ཐོག་ལོ་ངོ70ཡི་རིང་གི་དབུལ་གྲོལ་ཕྱུག་གྱུར་དང་ཐོན་སྐྱེད་འཛུགས་སྐྲུན།  སློབ་གསོ་སྨན་བཅོས།  དབུལ་སྐྱོར་གེགས་སེལ།  རིམས་འགོག་དང་ལས་ཀ་བསྐྱར་ཚུགས་སོགས་ཐད་ཀྱི་སྒྱུ་རྩལ་མཁས་པ་ཚོའི་བརྩམས་བྱ་འགྲེམས་སྟོན་བྱ་རྒྱུའི་ནང་མང་ཆེ་བ་ནི་ཀྲུང་གོ་མཛེས་རྩལ་ཁང་གི་ཉར་ཚགས་བརྩམས་བྱ་ཡིན་པ་དང་།  ཀྲུང་གོ་མཛེས་རྩལ་ཁང་ནས་བོད་རང་སྐྱོང་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་ལས་དོན་ཁྲོད་ཀྱི་ཕུལ་བྱུང་བརྩམས་བྱ་ཡང་ཉར་ཚགས་བྱས་ཡོད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།