གཞིས་རྩེ་གྲོང་ཁྱེར་གྱིས་མི་བཟོས་ནགས་ར་མུའུ་ཁྲི15.11བསྐྲུན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་སྟོད་དུ་གཞིས་རྩེ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ལས་འགན་ལ་དམ་པོར་དམིགས་པ་དང་། བཀོད་སྒྲིག་དོན་འཁྱོལ། གནས་ཁྱོན་ཟུང་འབྲེལ་བཅས་བྱས་ནས་མི་བཟོས་ནགས་རའི་ལས་དོན་ཁག་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད། མིག་སྔའི་བར། རིགས་ཁག་གི་མི་བཟོས་ནགས་ར་མུའུ་ཁྲི15.11བསྐྲུན་ནས་ལེགས་སྒྲུབ་བྱེད་ཚད38%ཟིན་ཞིང་། ལྷག་པར་དུ་གཙང་པོ་གཉིས་དང་ཆུ་བོ་བཞི་རྒྱུག་ཁུལ་གྱི་ནགས་བཟོའི་ལས་གྲྭ་མུའུ་ཁྲི0.75དང་། གཞིས་རྩེའི་རིམ་མཐོའི་གཞུང་ལམ་གཞོགས་གཉིས་ཀྱི་ནགས་བཟོ་སྔོ་འགྱུར་ལས་གྲྭ་མུའུ་ཁྲི0.07 ས་སྐྱ་རྫོང་གི་བྱེ་འགྱུར་ས་ཆ་བཅོས་སྐྱོང་ལས་གྲྭ་མུའུ་ཁྲི0.22བཅས་ལེགས་སྒྲུབ་བྱས་པ་རེད།

གྲོང་ཁྱེར་སྔོ་ལྗང་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་ཐད། གཞིས་རྩེ་གྲོང་ཁྱེར་ནགས་ལས་རྩྭ་ཐང་ཅུས་ཀྱིས་ས་ཁོངས3དང་འགྲོ་ལམ13གྱི་རྩི་ཤིང་གསབ་འཛུགས་ཀྱི“ཅན་དྲུག”ལས་དོན་ལེགས་གྲུབ་ཟིན་པ་དང་། སྡོང་ཕྲུག་རྐང2600ཉོས་ནས་དགོས་མཁོ་ཡོད་པའི་ལས་ཁུངས45ལ་བགོས་ཏེ“སྔོ་ཁེབས་མེད་སར་རྩི་ཤིང་འདེབས་པ”ལག་ལེན་བསྟར་ནས། ཁེ་ལས་དང་བྱ་གཞག་ཚན་པའི་ཁོངས་གཏོགས་ས་ཆ་སྔོ་འགྱུར་བྱེད་ཚད་མཐོ་རུ་བཏང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།