ཉིང་ཁྲི་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་མངོན་གསལ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། ཉིང་ཁྲི་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པའི་རྨང་གཞིའི་ཐོག སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་དམ་འཛིན་བྱ་གཞིར་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་སྲོལ་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བས། གྲོང་ཁྱེར་ཡོངས་ཀྱི་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ལེགས་པོ་བྱུང་བ་མ་ཟད། ཉིང་ཁྲི་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་འཕེལ་རྒྱས་མགྱོགས་མྱུར་བྱུང་ཡོད་པ་རེད།

རྒྱུས་ལོན་པ་ལྟར་ན། ཉིང་ཁྲི་གྲོང་ཁྱེར་གྱིས2018ལོའི་ཟླ12པའི་ནས་བཟུང་། རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་ཁག་གཉིས་པ་བདེ་བླག་ངང་བཏོད་པ་དང་། གྲངས་གཞི་ལས་མངོན་པ་ལྟར་ན། “ལོ་ལྔ་བཅས་གཞི་བཅུ་གསུམ་པའི”རིང་། ཉིང་ཁྲི་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུ་བོ་དང་གཙང་པོ་གཙོ་བོ་ཁག་གི་ཆུ་སྤུས་ས་ངོས་ཆུ་རིགས་ཀྱིⅢཚད་གཞི་ལོན་པའམ་ཡང་ན་དེ་ལས་མཐོ་ཡོད་པ་དང་། མཚོ་གཙོ་བོ་ཁག་གི་ཆུ་སྤུས་ཀྱང་སྤྱིར་ན་རིགསⅠགི་ཚད་གཞིར་སླེབས་པ། མཁའ་རླུང་གི་སྤུས་ཚད100%ཟིན་ཡོད་པ་རེད།

གྲོང་ཁྱེར་ཡོངས་སུ་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་རྫོང(ཆུས)1དང་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་རྫོང6། སྐྱེ་ཁམས་ཤང་དང་གྲོང་རྡལ44།སྐྱེ་ཁམས་གྲོང་ཚོ410བཅས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།