ད་ལོའི་ལོ་སྟོད་དུ་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར161.42མངོན་འགྱུར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་སྐྱོད་དང་ལས་ཐོན་བསྐྱར་ཚུགས་གནས་ཚུལ་གྱི་ཁྱབ་བསྒྲགས་ཚོགས་འདུ་སྟེང་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ལོ་སྟོད་དུ། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར161.42མངོན་འགྱུར་བྱས་ཏེ་དུས་མཉམ་ལས5%འཕར། དེའི་ཁྲོད་ཐོན་ལས་དང་པོའི་འཕར་བའི་རིན་ཐང་སྒོར་དུང་ཕྱུར17.81ལ་སླེབས་པ་དང་། དུས་མཉམ་ལས2.6%འཕར། ཐོན་ལས་གཉིས་པའི་འཕར་བའི་རིན་ཐང་སྒོར་དུང་ཕྱུར46.36ལ་སླེབས་ཏེ་དུས་མཉམ་ལས0.7%འཕར། ཐོན་ལས་གསུམ་པའི་འཕར་བའི་རིན་ཐང་སྒོར་དུང་ཕྱུར97.25འཕར་བ་དང་དུས་མཉམ་ལས7.3%བཅས་འཕར་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།