ལྷོ་ཁ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་འགའི་རིང་། གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་ཏང་ཨུ་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ནས་རྒྱུས་ལོན་པ་ལྟར་ན། ལྷོ་ཁ་གྲོང་ཁྱེར་གྱིས་བྱ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་པ་རེད།

ལྷོ་ཁ་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས“སྤྱི་ཡོངས་གཉིས”བློ་ལ་བརྟན་པོར་ངེས་པར་བྱེད་དགོས་པ་དང་། མི་དམངས་ཀྱི་བདེ་འཇགས་རྒྱལ་ཁབ་བདེ་འཇགས་ཀྱི་དམིགས་ཡུལ་ལ་བརྩིས་ནས། མངོན་མེད་རྐྱེན་ངན་གྲལ་བཤེར་དང་། འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ། བདེ་འཇགས་ཀྱི་ཐོན་སྐྱེད་ལས་འཛོལ་ཆེ་གྲས་མི་ཐོན་པ་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་སྲུང་སྐྱོང་བྱེད་དགོས་པ། རྒྱལ་ཁབ་བདེ་འཇགས་ཀྱི་བྱེད་ཐབས་ཁག་ཏན་ཏིག་དང་ཞིབ་ཚགས་ངང་སྒྲུབ་ནས་སྤྱི་ཚོགས་ཀྱི་དུས་བབ་མུ་མཐུད་དང་ཡུན་རིང་ཕྱོགས་ཡོངས་ནས་བརྟན་ལྷིང་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།