ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས“ཆང་བཏུང་འཁོར་གཏོང་མེད་པའི”དཔེ་སྟོན་ཚན་པ་འཛུགས་གཏོད་ཀྱི་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “དུས་བདེའི་འགྲིམ་འགྲུལ། ཉིན་བརྒྱའི་དམག་འཐབ”ཀྱི་ཆེད་དོན་བཅོས་སྒྲིག་བྱེད་སྒོ་དང་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་སྔོན་འགོག་དང“ཉུང་གཏོང་ཚོད་འཛིན”གྱི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། “ཤེས་དཔལ་འགྲིམ་འགྲུལ་གྱི་ལྷ་སའི་བྱ་སྤྱོད”དང་“རྨོག་ཞྭ་གཅིག་དང་སྲུང་ཐག་གཅིག”གི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་ཡག་པོ་བྱ་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་དེ་རིང་ནས་བཟུང་ཟླ9བའི་ཚེས15ཉིན་བར་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང“ཆང་བཏུང་འཁོར་གཏོང་མེད་པའི”དཔེ་སྟོན་ཚན་པ་དང་ཡ་རབས་ངང་ཕྱིར་སྐྱོད་པའི་དཔེ་སྟོན་ལམ་བུ་འཛུགས་གཏོད་བྱེད་སྒོ་སྤེལ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི“ཆང་བཏུང་འཁོར་གཏོང་མེད་པའི”དཔེ་སྟོན་ཚན་པ་དང་ཡ་རབས་ངང་ཕྱིར་སྐྱོད་པའི་དཔེ་སྟོན་ལམ་བུ་འཛུགས་གཏོད་བྱེད་སྒོའི་ནང་། “ཆང་བཏུང་འཁོར་གཏོང་མེད་པའི”ཚན་པ་དང་། “ཆང་བཏུང་འཁོར་གཏོང་མེད་པའི”ཁྲོམ་གཞུང་དོན་གཅོད་ཁང་། “ཆང་བཏུང་འཁོར་གཏོང་མེད་པའི”ཤང་གྲོང་། “ཆང་བཏུང་འཁོར་གཏོང་མེད་པའི”སྡེ་ཁུལ། “ཆང་བཏུང་འཁོར་གཏོང་མེད་པའི”གྲོང་ཚོ་ཨུ་ལྷན་བཅས་དང་དེ་བཞིན་ཡ་རབས་ངང་ཕྱིར་སྐྱོད་པའི་དཔེ་སྟོན་ལམ་བུ་དང་དཔེ་སྟོན་ཁྲོམ་གཞུང་བཅས་འཛུགས་གཏོད་བྱ་རྒྱུ་ཚུད་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།