ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀུན་སྤྱོད་སློབ་ཁང་གི་བྱ་འགུལ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོང་ཁྱེར་དཔལ་ཡོན་གསར་སྐྲུན་གཞུང་ལས་ཁང་དང་མཉམ་འབྲེལ་ཐོག“ཁྱིམ་སྲོལ་དར་སྤེལ་གཏོང་། སྲོལ་བཟང་རྒྱུན་འཛིན་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི2020ལོའི་ཀུན་སྤྱོད་སློབ་ཁང་གི་དུས་ཐེངས་གཉིས་པའི་བྱ་འགུལ་སྤེལ་བ་རེད།

ཀུན་སྤྱོད་སློབ་ཁང་གིས་ཉེ་འགྲམ་གྱི་མི་བཟང་གི་གཏམ་རྒྱུད་བརྗོད་རྒྱུ་གཙོ་བོར་བྱས་ཏེ་གླུ་གཞས་གཏོང་བ་དང་། དཔེ་བཟང་ལ་སློབ་སྦྱོང་། སྙན་ངག་གྱེར་འདོན། རང་སྐྱོན་རང་བརྟག་སོགས་བྱེད་པའི་ལྷུ་ཚིགས་བརྒྱུད། རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོར་ཀུན་སྤྱོད་ཀྱི་འདུ་ཤེས་སྒྲོག་སྤེལ་བྱས་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ཀུན་སྤྱོད་ཀྱི་སྟོབས་ཤུགས་དར་སྤེལ་ཤུགས་ཆེན་བཏང་བ་རེད།

དཔེ་བཟང་ལ་སློབ་སྦྱོང་བྱེད་པའི་ལྷུ་ཚིགས་ཁྲོད། “རང་སྐྱོང་ལྗོངས་ཀྱི་དཔལ་ཡོན་ཁྱིམ་ཚང”གི་ཁོངས་མི་ལེའང་ཡན་ཀྲང་དང་ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་ཐང་ཆེན་གྱི་ཨ་ཅག་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་འཛོམས་སྐྱིད་ཀྱིས་རང་གི་མཐོང་ཐོས་དྲན་རེག་བཤད་པ་དང་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་དགེ་མཚན་ལྡན་པ་དང་། སྐྱོན་བྲལ། ཡང་དག་བཅས་ཀྱི་ཁྱིམ་སྲོལ་མཉམ་སྤྱོད་བྱས་པ་རེད། ལེའང་ཡན་ཀྲང་གིས“སྲི་ཞུ་བསྒྲུབ་རྒྱུ་གལ་འགངས་ཤིན་ཏུ་ཆེ”ཞེས་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་གནའ་སྔ་མོ་ནས་བཟུང་གི་སྲོལ་རྒྱུན་བཟང་པོ་ཞིག་ཡིན་པས་དང་ཐོག་རྒན་བཀུར་དང་དེ་རྗེས་གཞོན་གཅེས་བྱེད་དགོས་པ་དང་། བཟའ་ཟླའི་བར་ཕན་ཚུན་གུས་ཞབས་དང་བསྟུན་མཁས་བྱེད་དགོས་པ། ཁྱིམ་ཚང་ཆུང་ངུའི་འཆམ་མཐུན་ཡོད་ཚེ་མེས་རྒྱལ་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བའི་སྒུལ་ཤུགས་ཡོང་སྲིད། ཀུན་སྤྱོད་དང་ཤེས་དཔལ་ཐད་བྱ་བ་ཆུང་ཙག་བསྒྲུབ་རྒྱུ་ནས་འགོ་བཙུགས་ནས། ང་ཚོའི་ཉེ་འགྲམ་གྱི་མིར་སྐུལ་འཁྲིད་བྱེད་པ་དང་ཆབས་ཅིག སྤྱི་ཚོགས་ཧྲིལ་པོའི་ཤེས་དཔལ་ཆེན་པོར་སྐུལ་འཁྲིད་བྱེད་དགོས་ཞེས་བཤད། འཛོམས་སྐྱིད་ཀྱིས“ང་ཚོ་ཚང་མས་དཔལ་ཡོན་ལ་སྣང་ཆེན་དང་རྒན་བཀུར་གཞོན་གཅེས་བྱེད་པ། རྒན་ཡོལ་ཞུས་པའི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། རང་དཔེ་གཞན་སྟོན་གྱིས་བུ་ཕྲུག་དང་བུ་ཚ་རྣམས་ལ་སྲོལ་རྒྱུན་གྱི་རིག་གནས་དང་སྲོལ་རྒྱུན་གྱི་སྤྱོད་བཟང་དར་སྤེལ་གཏོང་དགོས་པའི་སློབ་གསོ་གཏོང་དགོས་ངེས་རེད”ཅེས་བཤད།

ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བས“ཉེ་འགྲམ་གྱི་མིར་ཉེ་འགྲམ་གྱི་བྱ་བ་བརྗོད་པ་དང་། ཉེ་འགྲམ་གྱི་མིར་རང་ཉིད་ཀྱི་སྐོར་བརྗོད་པ། ཉེ་འགྲམ་གྱི་བྱ་བས་ཉེ་འགྲམ་གྱི་མིར་སློབ་གསོ་གཏོང་བའི”རྣམ་པར་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་མ་ལག་གི་ནང་དོན་ཕུན་སུམ་ཚོགས་པོ་དང་ལག་ལེན་གྱི་བླང་བྱ་ཁྱབ་གདལ་རྒྱ་ཁྱབ་གཏོང་བ་དང་། རིམ་བཞིན་ཤུགས་རྐྱེན་ཐེབས་པར་བྱེད་པའི་ཁྲོད་ཤེས་དཔལ་གྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས། ཤེས་དཔལ་ལྡན་པའི་ཁྱིམ་ཚང་བསྐྲུན་པ་དང་ཞི་མཐུན་གྱི་སྤྱི་ཚོགས་བསྐྲུན་རྒྱུར་བསམ་བློ་ཀུན་སྤྱོད་ཀྱི་རྨང་གཞི་གཏོང་དགོས་ཞེས་བཤད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།