ལྷོ་ཁ་གྲོང་ཁྱེར་གྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱ་འགུལ་སྤེལ་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་འགའི་བསྟུད་མར། ལྷོ་ཁ་གྲོང་ཁྱེར་གྱིས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་རྩ་འཛུགས་བྱས་ཏེ་རྫོང(ཆུས)སོ་སོ་རུ་བསྐྱོད་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ནས་བྱ་འགུལ་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་བ་རེད།

ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་རིང་། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་དཔེ་མཚོན་ཤེས་རྟོགས་ཐུབ་རྒྱུར་མཐོང་ཆེན་དང་དཔེ་སྟོན་ལ་བརྟེན་ནས་སྣེ་ཁྲིད་དང་། རིམ་པ་དབྱེ་བ་དང་ཁྱབ་ཁོངས་དབྱེ་ནས་མཛུབ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་པས། གོང་འོག་གཅིག་གྱུར་དང་། ཁྱབ་ཁོངས་མཐུན་སྦྱོར། སྡེ་ཚན་མཉམ་སྐུལ་བཅས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞི”ལ་དམ་འཛིན་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་ཡོད་པ་རེད། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་དཔྱད་གཞི་ཀློག་བཤེར་དང་། བཞུགས་མོལ་སྤེལ་རེས། ས་ཆ་དངོས་སུ་འཚམས་འདྲི། སྐབས་བསྟུན་དྲི་བ་འདོན་པ། རྒྱུགས་ལེན་སོགས་ཀྱི་བྱ་ཐབས་སྤྱད་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱ་འགུལ་རྩ་འཛུགས་ཀྱི་འགོ་ཁྲིད་དང་། སྒྲོག་འགྲེལ་བྱེད་ཤུགས། རིགས་པའི་གཞུང་ལུགས་སྒྲོག་འགྲེལ། ལག་ལེན་དངོས་ཀྱི་བྱ་འགུལ། ཞན་ཆ་གྲལ་བཤེར་དང་སེལ་བའི་གྲོས་བསྡུར་ཆེན་པོ། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ། སྣང་ཚུལ་གཏོད་པ་སོགས་ཀྱི་བྱ་བའི་གནས་ཚུལ་རྒྱུས་ལོན་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།