གནམ་རིས་ས་ཁམས་ལ་དོ་སྣང་བྱས་ཏེ་ས་གཤིས་སྙིང་སྟོབས་རྒྱུན་འཛིན་བྱེད་ཅེས་པའི་བོད་ལྗོངས་ཀྱི་དབྱར་སྒར་བྱེད་སྒོ་སྤེལ་འགོ་ཚུགས།

W020200817590111657124.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས་གཉེར་བའི་གནམ་རིས་ས་ཁམས་ལ་དོ་སྣང་བྱས་ཏེ་ས་གཤིས་སྙིང་སྟོབས་རྒྱུན་འཛིན་བྱེད་ཅེས་པའི་དབྱར་སྒར་བྱེད་སྒོ་སྤྱི་ཟླ8པའི་ཚེས17ཉིན་སྤེལ་འགོ་ཚུགས་པ་དང་།  རང་བྱུང་ཐོན་ཁུངས་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོ་པ55ཡི་ཕྲུ་གུ་རང་སྐྱོང་ལྗོངས་ས་གཤིས་ཐོན་ཁུངས་དངོས་རིགས་མཛོད་ཁང་གི་དམར་དཔེ་ཐིང་དང་ཚན་རྩལ་ཁྱབ་གདལ་ཤེས་བྱ་ཐིང་སོགས་སུ་བསྐྱོད་དེ།  བོད་ཀྱི་ཕུན་སུམ་ཚོགས་པའི་ས་གཤིས་ཐོན་ཁུངས་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ཡོད།

W020200817531722357972.jpg

ལྟ་སྐོར་དང་ཉམས་ཞིབ་བྱས་པ་བརྒྱུད་བྱིས་པ་ཚོའི་མཐོང་རྒྱ་ཡངས་སུ་ཕྱིན་པ་དང་།  ཁོ་ཚོས་རང་བྱུང་དང་ས་གཤིས།  གནམ་རིས་ཤེས་བྱ་བཅས་ལ་དོ་སྣང་བྱེད་འདོད་ཀྱི་སྤྲོ་བ་འཕེལ་བ་དང་།  རང་བྱུང་སྲུང་སྐྱོང་དང་མིའི་རིགས་ཀྱི་འཚོ་སྡོད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་ཐུབ་ཡོད།  དེ་དང་ཆབས་ཅིག་ཕྲུ་གུ་ཚོས་ས་མཐོའི་ས་གཤིས་པ་མི་རབས་ཁ་ཤས་ཀྱིས་དཀའ་ངལ་ལ་མི་སྐྲག་པ་དང་ཐོབ་ཆ་ཡོད་མེད་ལ་མི་ལྟོས་པ།  ལེགས་སྐྱེས་འབུལ་ཕོད་པ་བཅས་ཀྱི་སྙིང་སྟོབས་ཀྱང་ཚོར་ཐུབ་པ་བྱུང་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།