ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་རི་རྫོང་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དུ་ཆགས་ཤིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི4500ཡན་ཟིན་པ་དང་། ཡིན་ཡང་། ས་བབ་མཐོ་ཞིང་གྲང་ལ་དབྱང་རླུང་དཀོན་པས་སྐམ་ཤས་ཆེ་བའི་ནག་ཆུ་གྲོང་ཁྱེར་དང་གཏན་ནས་མི་མཚུངས་པར། དེའི་ས་བབ་མཐོ་ཚད་སྨི4400ལྷག་ཡོད་ཀྱང་སྔོ་ཤུན་སྐྱེས་ཤུགས་ཆེ་ལ། དབྱང་རླུང་འདང་བ། གནམ་གཤིས་བརླན་གཤེར་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད། གནས་དེ་རུ་རྩྭ་ཐང་གི་མཛེས་ལྗོངས་དང་ལྟ་ན་སྡུག་པའི་གདོད་མའི་ནགས་ཚལ། རི་མཐོའི་གྲོག་རོང་སོགས་ཡོད་པས་བོད་བྱང་ཐང་གི“འབྲི་ཆུའི་ལྷོ་རྒྱུད”ཅེས་འབོད།
དབྱར་དུས་ཀྱི་ལྷ་རི་རྫོང་དུ་གངས་རི་དང་། མཚེའུ། རྩྭ་ཐང་བཅས་ཕན་ཚུན་འདྲེས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་རི་རྫོང་གི་ཤར་ཕྱོགས་ཀྱི་གནམ་གཤིས་ཅུང་དམིགས་བསལ་ལྡན་པ་དང་། ཧིན་རྡུ་རྒྱ་མཚོ་ཆེན་མོའི་དྲོ་ཞིང་གཤེར་བའི་རླུང་རྒྱུན་ཡིད་འོང་གཙང་བོའི་འགྲམ་བརྒྱུད་དེ་ལྷ་རི་རྫོང་ཁོངས་ཀྱི་གཉན་ཆེན་གདང་ལ་རི་རྒྱུད་ཀྱི་ལྷོ་ངོས་སུ་སླེབས་ནས་རླན་གཤེར་མཁའ་དབུགས་མང་པོ་སྐྱེལ་འདྲེན་བྱས་པས། ཡིད་དབང་འཕྲོག་པའི་གྲོག་རོང་ནགས་ཚལ་དང་རྒྱ་མཚོའི་རང་བཞིན་གྱི་འཁྱགས་ཀླུང་བསྐྲུན་པ་རེད། །
ལྷ་རི་རྫོང་གི་དབྱར་ཁའི་མཛེས་ལྗོངས།
ལྷ་རི་རྫོང་གི་དབྱར་ཁའི་མཛེས་ལྗོངས།
ལྷ་རི་རྫོང་གི་གྲོག་རོང་ཆེན་མོ།
ལྷ་རི་རྫོང་གི་དབྱར་ཁའི་མཛེས་ལྗོངས།
ལྷ་རི་རྫོང་གི་མཚན་ལྗོངས།
རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།
བོད་ལྗོངས་ལྷ་རི་རྫོང་གི་དབྱར་ཁའི་མཛེས་ལྗོངས།