ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་བྱ་བར་རོགས་སྐྱོར་བྱས་ཏེ། བོད་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱིས་པྲོག་གསར་གློག་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ལས་བྱུང་བའི་མ་དངུལ་འཁོར་རྒྱུག་དཀའ་བའི་གནོན་ཤུགས་ཞི་ལྷོད་དུ་གཏོང་ཆེད། ད་ལོའི་རིང་ལ། ལྷ་སའི་འགག་སྒོས་ཁོངས་གཏོགས་ཁུལ་གྱི་ཁྲལ་འཇལ་དོ་དམ་དམ་འཛིན་བྱ་གཞིགརུ་བྱས་ནས། སྲིད་ཇུས་སྒོ་ཁར་སྐྱེལ་བ་དང་། ཞབས་ཞུའི་ཐད་སྦྲེལ་ཁ་པར་ལས་སྒོའི་ལན་འདེབས་པ། སྐད་འཕྲིན་ལས་སྟེགས་དྲིལ་བསྒྲགས་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཁེ་ལས་ལ་སྲིད་ཇུས་སྣ་ཚོགས་གསལ་འགྲེལ་དང་ཁྲལ་འཇལ་ཞབས་ཞུའི་ཁྲིད་སྟོན་ཧུར་ཐག་བྱས་ལ། ཁེ་ལས་ཀྱིས་སྲིད་ཇུས་རྒྱུས་ལོན་ཟབ་མོ་བྱེད་པ་དང་སྲིད་ཇུས་བེད་སྤྱོད་ལུགས་མཐུན་བྱེད་པར་རོགས་སྐྱོར་བྱས།
བསྡོམས་རྩིས་བྱས་པ་ལྟར་ན། ད་ལོའི་ཟླ1པོ་ནས་ཟླ7པའི་བར། ལྷ་སའི་འགག་སྒོས་ཁེ་ལས་ཀྱི་སྲིད་ཇུས་རིགས་སོ་སོ་བེད་སྤྱོད་གང་ལེགས་བྱེད་པར་སྣེ་ཁྲིད་དང་རོགས་སྐྱོར་བྱ་ཆེད། བསྡོམས་པས་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ལ་མ་རྩ་སྒོར་ཁྲི5000ཙམ་གྲོན་ཆུང་བྱས།
རྗེས་མར་ལྷ་སའི་འགག་སྒོས་ཕྱི་ཕྱོགས་ཁེ་ལས་ཀྱི་སྲིད་ཇུས་དྲིལ་བསྒྲགས་བྱ་བ་དང་གཅིག་གིས་གཅིག་ལ་ཁ་གཏད་པའི་མཛུབ་སྟོན་ཞབས་ཞུ་བྱ་བར་སྔར་ལས་ཤུགས་བསྣན་ཏེ། ཁེ་ལས་ཀྱིས“ཕྱོགས་བསྡུས་ཁྲལ་བསྡུ”དང“དུས་རབས་གསར་བའི་གློག་རྡུལ་གཏོང་སྤྲོད”སོགས་ཀྱི་བསྒྱུར་བཅོས་བྱེད་ཐབས་བེད་སྤྱོད་ཡག་པོ་བྱེད་པར་ཁྲིད་སྟོན་བྱས། ཁེ་ལས་ཀྱི་མ་དངུལ་ཧྲག་བསྡུ་དཀའ་ངལ་ཞི་ལྷོད་དུ་བཏང་ནས་མཐོ་སྒང་གི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལྷ་ས་འགག་སྒོའི་ནུས་བ་འདོན་སྤེལ་གང་ལེགས་བྱས། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ལྷ་སའི་འགག་སྒོས་བྱེད་ཐབས་མང་པོ་སྤྱད་དེ་བོད་ལྗོངས་ཀྱི་ཁེ་ལས་ལས་ཐོན་བསྐྱར་ཚུགས་བྱེད་པར་རོགས་སྐྱོར་བྱས།