ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོའི་ལྷ་སའི་ཞོ་སྟོན་ཟླ8པའི་ཚེས19ནས་ཟླ8པའི་ཚེས25ཉིན་བར་ལྷ་ས་ནས་སྤེལ་རྒྱུ་ཡིན་པ་དང་། མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་ཟླ8པའི་ཚེས20ཉིན་བྱང་འདབས་རྟ་རྒྱུག་ཐང་དུ་གཉེར་རྒྱུ་རེད། ཉེ་ཆར། གསར་འགོད་པས་བྱང་འདབས་རྟ་རྒྱུག་ཐང་དུ་བསྐྱོད་དེ་ད་ལོའི་ལྷ་སའི་ཞོ་སྟོན་རིང་གི་རྟ་རྩལ་འཁྲབ་སྟོན་གྱི་འབྲེལ་ཡོད་གྲ་སྒྲིག་གནས་ཚུལ་ལ་རྒྱུས་ལོན་བྱས།
རྒྱུས་ལོན་པ་ལྟར་ན། ལོ་སྔོན་མ་དག་དང་མི་འདྲ་བར་ད་ལོའི་རྟ་རྩལ་འཁྲབ་སྟོན་མཇུག་སྒྲིལ་རྗེས། ལྟད་མོ་བས་རྟ་རྒྱུག་ཐང་ནས་བི་ཤུ་དང་། རྡོ་འགྱོགས། ཀེ་རོམ། ཤོ་རྩེད་སོགས་བོད་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས11ཉམས་ལེན་བྱས་ཆོག་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ད་ལོའི་ཞོ་སྟོན་རིང་ལྟད་མོ་བས་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས11ཉམས་ལེན་བྱས་ཆོག