ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོ་ནི་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་མཇུག་བསྡུ་བའི་ལོ་ཡིན་པས། ལྷོ་ཁ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་དབུལ་ཐར་འགག་སྒྲོལ་དང་འགྲིམ་འགྲུལ་སྔོན་སྐྱོད་ཀྱི་འདུ་ཤེས་བརྟན་པོ་བཙུགས་པ་དང་། ལེགས་པོ་བཞིའི་ཞིང་སྡེའི་ལམ་བུ་འཛུགས་སྐྲུན་བྱེད་པར་དམ་འཛིན་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་འགྲིམ་འགྲུལ་དྲ་བ་འཛུགས་སྐྲུན་དང་བདག་སྐྱོང་དོ་དམ་ལ་ཤུགས་སྣོན་རྒྱུན་ཆད་མེད་པ་བརྒྱབ་ནས། དབུལ་ཐར་འགག་སྒྲོལ་ལ་སྐུལ་སྤེལ་ནུས་ལྡན་བཏང་།
ཟླ6པའི་ཟླ་མཇུག་བར་གྲོང་ཁྱེར་ཡོངས་སུ་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས58ལག་བསྟར་བྱས་པའི་ནང་། གྲོང་གསེབ་གཞུང་ལམ་གྱི་རྣམ་གྲངས48དང་གཙོ་གནད་རྣམ་གྲངས10ཡོད་པར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར7.45བཏང་བ་དང་། སྲིད་འཛིན་གྲོང་ཚོ13གྱི་གཞུང་ལམ་ཤར་གཏོང་ཐུབ་པ་བརྒྱུད་མང་ཚོགས་རང་ས་རང་ཡུལ་དང་སྟབས་བདེ་སར་ཡོང་སྒོ་སྒོར8175སྐྲུན་ཡོད་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་བརྒྱུད་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་།