གཞིས་རྩེ་གྲོང་ཁྱེར་གྱིས་དམག་དཔུང་དང་ས་གནས་བར་གྱི་མཉམ་སྤྲོའི་རིག་རྩལ་འཁྲབ་སྟོན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། དམག་ལོག་དམག་མིའི་ལས་དོན་ཅུས། དམག་ཁུལ་ཡན་ལག་ཁང་ཆབ་སྲིད་ལས་དོན་པུའུ་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། གཞིས་རྩེ་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་དང་མང་ཚོགས་སྒྱུ་རྩལ་ཁང་གིས་གཉེར་བའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ93འཁོར་བའི“བརྒྱད་གཅིག་ལ་མཉམ་འཛོམས་བྱེད། དམག་སྒར་དྲོ་སྐྱིད་ལྡན”ཞེས་པའི་དམག་དཔུང་དང་ས་གནས་དབར་གྱི་མཉམ་སྤྲོའི་རིག་རྩལ་འཁྲབ་སྟོན་གཟབ་རྒྱས་ངང་འཚོགས་ནས་དཔོན་དམག་དང་གྲོང་མི་ཚོ་མཉམ་དུ་དགའ་སྤྲོ་མཉམ་འཛོམས་བྱས་ཏེ་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད།

བྱེད་སྒོའི་ནང་ཕུལ་བྱུང་གི་དམག་མི་བཅུ་ཡིས་དམག་དཔུང་གི་འཚོ་བ་བརྗོད་པ་དང་། “དམག་མིའི་བཟའ་ཟླ་ཡག་ཤོས”བཅུ་ཡིས་མི་སེམས་འགུལ་བའི་ཁྱིམ་ཚང་གི་གཏམ་རྒྱུད་བརྗོད་པ་རེད། གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་ཇོ་རིའི་བུད་མེད་སྒྱུ་རྩལ་རུ་ཁག་གིས་ཟློས་གར《གོས་འཁྲུའི་གླུ་གཞས》 《ཉིན་དེ་འཆར་ཉེའི་སྐབས་སུ》སོགས་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་འཁྲབ་ནས་དམངས་དམག་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་དང་འཆམ་མཐུན་མཛའ་གྲོགས་ཁྱིམ་ཚང་གཅིག་ལྟར་གྱི་རྣམ་པ་མཚོན་པར་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།