ནག་ཆུ་ནས་ལྷ་ས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གཞི་བསྡོམས་པས97.5%ལེགས་འགྲུབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས12ཉིན། གསར་འགོད་པས་བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཟླ8པའི་ཟླ་སྟོད་བར་དུ། ནག་ཆུ་ནས་ལྷ་ས་བར་གྱི་མྱུར་བགྲོད་གཞུང་ལམ་ལྷ་ས་ནས་ཡངས་པ་ཅན་དུམ་བུའི་བསྡོམས་པས་དངུལ་གཏོང་སྤྱིའི78.5%ལེགས་འགྲུབ་བྱས། དེའི་ཁྲོད་ལམ་གཞིའི་ལས་གཞི97.96%ལེགས་འགྲུབ་བྱས་པ་དང་། ལམ་ངོས་ཀྱི་ལས་གཞི75.56%ལེགས་འགྲུབ་བྱས། ཟམ་པ་དང་ཆུ་འགྲོའི་ལས་གཞི91.58%ལེགས་འགྲུབ་བྱས་ལ། ཕུག་ལམ་གྱི་ལས་གཞི94.73%ལེགས་འགྲུབ་བྱས་ནས། སྡོད་ཁང་འཛུགས་སྐྲུན་ལས་གཞི21.97%ལེགས་འགྲུབ་བྱས། ནག་ཆུ་ནས་ལྷ་ས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གཞི་བསྡོམས་པས97.5%ལེགས་འགྲུབ་བྱས་པ་དང་། འཐུས་ཚང་ལས་གཞི་བསྡོམས་པས92%ལེགས་འགྲུབ་བྱས། ཚོད་འཛིན་རང་བཞིན་གྱི་ལས་གཞིའི་ལམ་གཞི་དང་ཟམ་པ། ཆུ་འགྲོ་བཅས་ཀྱི་ལས་གཞི་ཡོངས་རྫོགས་ལག་བསྟར་བྱས་ནས་མཇུག་འགྲིལ་བ་རེད། ཕུག་ལམ་གཙོ་བོ་སྔོག་འདོན་བྱས་ནས་བསྡོམས་པས100%ལེགས་འགྲུབ་བྱས། གསེག་ཁྲོན་གྱི་འབྲེལ་གཏུག་ལམ་བུར་སྨི40ལྷག་ཡོད་པ་དང་ལས་གཞིའི་སྣུམ་ལམ་གཏོང་བའི་ལམ་ངོས་ཀྱི་ལས་གཞི97%ལེགས་འགྲུབ་བྱུང་ཡོད། ལྗང་སྒྱུར་ལས་གཞི100%ལེགས་འགྲུབ་བྱས་པ་དང་། བདེ་འཇགས་ལས་གཞི98%ལེགས་འགྲུབ་བྱུང་ལ། འཕྲུལ་གློག་ལས་གཞི70%དང་སྡོད་ཁང་འཛུགས་སྐྲུན་ལས་གཞི90%བཅས་ལེགས་འགྲུབ་བྱུང་ཡོད།

རྒྱུས་ལོན་པ་ལྟར་ན། ནག་ཆུ་ནས་ལྷ་ས་བར་གྱི་མྱུར་བགྲོད་གཞུང་ལམ་ནི་བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་མྱུར་བགྲོད་དྲ་བའི་རྣམ་གྲངས་ཁྲོད་བཅུག་པའི་རྣམ་གྲངས་ཀྱི་ནང་གསེས་ཡིན། ནག་ཆུ་ནས་ལྷ་ས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ནག་ཆུ་ནས་ཡངས་པ་ཅན་བར་གྱི་དུམ་བུའི་ལམ་ངོས་ལས་གཞི་དང་ཕུག་ལམ་ལས་གཞི་ཟླ8པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་དང་། ཟམ་པའི་ལས་གཞི་ཟླ9བའི་ཚེས15ཉིན་གྱི་སྔོན་ལ་ལས་མཇུག་འགྲིལ་རྒྱུ་རེད། ལམ་ངོས་ལས་གཞི་དེ་ཟླ9བའི་ཚེས25ཉིན་གྱི་གོང་དུ་ལས་མཇུག་འགྲིལ་རྒྱུ། སྒྲོམ་སྐྱོར་དང་། མཚོན་རྟགས། ཐིག་རྟགས། ཕྲལ་གཅོད་ལྕགས་ར། ཁང་བའི་འཛུགས་སྐྲུན་ལས་གཞི་བཅས་དང་། དེ་མིན་འགྲིམ་འགྲུལ་བདེ་འཇགས་དང་། ལྗང་སྒྱུར་ལས་གཞི་ཟླ9བའི་ཚེས30ཉིན་གྱི་སྔོན་དུ་ལས་མཇུག་འགྲིལ་རྒྱུ་ཡིན་པ་རེད། ནག་ཆུ་ནས་ལྷ་ས་བར་གྱི་མྱུར་བགྲོད་གཞུང་ལམ་ཡངས་པ་ཅན་ནས་སྟོད་ལུང་བདེ་ཆེན་བར་གྱི་ལམ་དུམ་དེ་ཟླ8པའི་ཟླ་མཇུག་གོང་ཡངས་པ་ཅན་ཕུག་ལམ་ཨང2པའི་ས་ལས་ལས་གཞི་དང་ལམ་ངོས། ཁང་སྐྲུན་ལས་གཞི་བཅས་ལེགས་འགྲུབ་བྱ་རྩིས་ཡོད། ཟླ9བའི་ཟླ་མཇུག་གོང་ཡངས་པ་ཅན་ཕུག་ལམ་གཉིས་པའི་གསེག་ཁྲོན་དང་། འཕྲུལ་གློག བདེ་འཇགས་བཅས་ཀྱི་ལས་གཞི་ལེགས་གྲུབ་བྱ་རྩིས་ཡོད།

ནག་ཆུ་ནས་ལྷ་ས་བར་གྱི་མྱུར་བགྲོད་གཞུང་ལམ་ནི་རྒྱལ་ཁབ་མཐོ་རིམ་དྲ་བའིG6ཅིང་བོད་མྱུར་བགྲོད་གཞུང་ལམ་གྱི་གྲུབ་ཆ་གལ་ཆེན་ཡིན་ལ། མཚོ་བོད་བགྲོད་ལམ་ཆེན་པོའི་ཚིགས་གནས་ལས་གཞི་གལ་ཆེན་ཀྱང་ཡིན་པ་མ་ཟད། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་བོད་ལྗོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”གཞུང་ལམ་འཕེལ་རྒྱས་འཆར་འགོད་ཁྲོད་ཀྱི་གཙོ་གནད་རྣམ་གྲངས་ཀྱི་ནང་གསེས་དང་། བོད་ལྗོངས་ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་ཡང་ཡིན། དེས་ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གྲངས་ཉུང་མི་རིགས་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བ་ཇེ་ལེགས་སུ་གཏོང་བ། ས་ཁོངས་ཀྱི་ལམ་དྲའི་གྲུབ་ཆ་དང་ནུས་བ་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཕྱོགས་ནས་དོན་སྙིང་ཆེན་པོ་ལྡན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།