ལྷོ་ཁ་གྲོང་ཁྱེར་གྱིས་གསར་དུ་བསྐོ་བཞག་བྱས་པའི་གཞི་རིམ་གྱི་ལས་བྱེད་པ་ལ་རེས་སྐོར་སྦྱོང་བརྡར་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ལྷོ་ཁ་གྲོང་ཁྱེར་གྱིས་གསར་དུ་མངག་གཏོང་བྱས་པའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་དང་གསར་དུ་བསྐོ་བཞག་བྱས་པའི་གཞི་རིམ་གྱི་ལས་བྱེད་པ720ལ་རེས་སྐོར་སྦྱོང་བརྡར་སྤེལ།

རྒྱུས་ལོན་པ་ལྟར་ན། རེས་སྐོར་སྦྱོང་བརྡར་ལ་གསོ་སྦྱོང་འཛིན་གྲྭ་སྤེལ་བའི་ཐབས་ལམ་སྤྱོད་རྒྱུ་ཡིན་ཞིང་། ཐེངས་འདིའི་ལྷོ་ཁ་གྲོང་ཁྱེར་གྱིས་གསར་དུ་མངག་གཏོང་བྱས་པའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་དང་གསར་དུ་བསྐོ་བཞག་བྱས་པའི་གྲོང་ཚོའི་ལས་བྱེད་པའི་དབུལ་ཐར་མཁྲེགས་གཏོར་ལས་བྱེད་པའི་བྱང་ཚད་མཐོར་འདེགས་གསོ་སྦྱོང་འཛིན་གྲྭར་སྐོར་ཁག་གསུམ་དབྱེ་ནས་དུས་ཡུན་ཉིན15ཡི་རིང་ལ་བསྡོམས་པས་གསར་དུ་མངག་གཏོང་བྱས་པའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་དང་གསར་དུ་བསྐོ་བཞག་བྱས་པའི་གྲོང་ཚོའི་ལས་བྱེད་པ720ལ་རེས་སྐོར་སྦྱོང་བརྡར་བྱ་རྒྱུ་རེད། ཐེངས་འདིའི་རེས་སྐོར་གསོ་སྦྱོང་གིས་ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་གྱི་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”ཚུར་ལན་བསམ་འཆར་དང་ཟུང་འབྲེལ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། ཏང་འཛུགས་སྐྱོང་དམ་འཛིན་བྱས་ནས་དབུལ་ཐར་ལ་སྐུལ་འདེད་གཏོང་བ། ཐོན་ལས་དབུལ་སྐྱོར་འཆར་འགོད་དང་འཕེལ་རྒྱས། དབུལ་ཐར་སྲིད་ཇུས། དབུལ་སྐྱོར་མ་དངུལ་གྱི་འགུལ་རྣམ་ལྟ་སྐུལ་དོ་དམ་བཅས་དང་དེ་བཞིན་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་ནང་དོན་གཙོ་གནད་དུ་བཟུང་ནས་གསོ་སྦྱོང་བྱ་རྒྱུ་ཡིན། དུས་མཚུངས་སུ་ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་དང་། གྲོང་ཚོར་བཅའ་སྡོད་ལས་བྱེད་པ། གྲོང་ཚོ(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ། གྲོང་ཚོ(གྲོང་ལྷན)ལས་བྱེད་པ་སོགས་མི་སྣ་མི་འདྲ་བའི་ཁྱད་ཆོས་ལ་དམིགས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ཚོགས་ཆུང་བགོས་ནས་གྲོས་བསྡུར་བྱེད་པ། བོད་སྐད་སློབ་ཁྲིད་སོགས་ཀྱི་རྣམ་པའི་ཐོག་ནས་རེས་སྐོར་གསོ་སྦྱོང་སྤེལ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།