ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་རྣམ་གྲངས་ལ་བརྟེན་ནས་གནད་འཕིགས་ལ་སྣེ་ཁྲིད་དང་ཡོང་སྒོ་འཕར་བར་རོགས་སྐྱོར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ལོ་སྟོད་དུ། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་བརྟན་རླིང་དྲུག་གི་ལས་དོན་ལེགས་པོར་སྒྲུབ་ཏེ། འགན་སྲུང་དྲུག་གི་ལས་འགན་དངོས་འབེབས་བྱས་པ་དང་། གསར་སྐྲུན་དང་བསྟུད་མར་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་དང་ལས་འགོ་ཚུགས་རྩིས་ཡོད་པའི་འཛུགས་སྐྲུན་རྣམ་གྲངས80ཡོད་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར12.49བཏང་ཡོད། འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ཁྲོད་རྣམ་གྲངས63ལས་འགོ་བསྐྱར་ཚུགས་བྱས་ཤིང་། བསྡུར་ཚད་ཀྱི78.75%ཟིན། ཁེ་ལས་ཀྱི་དངུལ་གཏོང་རྣམ་གྲངས་ཀྱི་ཐོ་འགོད་སྙན་སེང38སྒྲུབ་ཏེ། རྣམ་གྲངས་ཀྱི་མ་དངུལ་བསྡོམས་པས་སྒོར་དུང་ཕྱུར17.1283ཡོད་པ་དང་། དམངས་ཁྲོད་ཀྱི་དངུལ་གཏོང་དུས་མཉམ་ལས15%འཕར་ཡོད། རྣམ་གྲངས་ལ་རྨང་གཞི་སྒྲིག་ཆས་དང་། སྤྱི་བའི་ཞབས་ཞུ། སྤྱི་ཚོགས་དམངས་འཚོ། སྐྱེ་ཁམས་ཁོར་སྲུང་སོགས་ཁྱབ་ཁོངས་མང་པོ་འདུས་ཡོད་པས། བྲག་ཡིབ་ཆུས་ཀྱི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་ཆེན་པོ་བཏང་ཡོད་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།