ཆབ་མདོ་གྲོང་ཁྱེར་གྱིས་ཉེ་འཁོར་གྱི་ཁུལ་གསུམ་གདན་དྲངས་ནས་སྒྱུ་རྩལ་དུས་ཆེན་གྱི་འབྲེལ་མཐུད་མཐུན་སྦྱོར་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཆབ་མདོ་གྲོང་ཁྱེར་གྱིས་ཉེ་འཁོར་གྱི་དཀར་མཛེས་དང་ཡུལ་ཤུལ། བདེ་ཆེན་བཅས་ཁུལ་གསུམ་གདན་དྲངས་ཏེ་ཆབ་མདོ་གྲོང་ཁྱེར་བཅིངས་འགྲོལ་ཐོབ་ནས70འཁོར་བར་རྟེན་འབྲེལ་ཞུ་བའི་བྱ་འགུལ་དང་།  སྐབས་བཅུ་གཅིག་པའི་བོད་ལྗོངས་དང་། སི་ཁྲོན། ཡུན་ནན། མཚོ་སྔོན་བཅས་ས་འབྲེལ་ས་ཁུལ་གྱི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དང་སྐབས་དྲུག་པའི་ཆབ་མདོ་གྲོང་ཁྱེར་གྱི་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་འབྲེལ་མཐུད་བྱེད་དགོས་པའི་དོན་ཚན་ལ་གྲོས་མོལ་བྱས་པ་རེད།

རྒྱུས་ལོན་པ་ལྟར་ན། ཆབ་མདོ་གྲོང་ཁྱེར་གྱིས2020ལོའི་ཟླ10བའི་ཚེས7ཉིན་ནས་ཚེས13ཉིན་བར་དུས་མཉམ་དུ་ཆབ་མདོ་གྲོང་ཁྱེར་བཅིངས་འགྲོལ་ཐོབ་ནས70འཁོར་བར་རྟེན་འབྲེལ་ཞུ་བའི་བྱ་འགུལ་དང་།  སྐབས་བཅུ་གཅིག་པའི་བོད་ལྗོངས་དང་། སི་ཁྲོན། ཡུན་ནན། མཚོ་སྔོན་བཅས་ས་འབྲེལ་ས་ཁུལ་གྱི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དང་སྐབས་དྲུག་པའི་ཆབ་མདོ་གྲོང་ཁྱེར་གྱི་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྤེལ་རྒྱུ་ཡིན་པ་རེད། སྐབས་དེར། ཆབ་མདོ་གྲོང་ཁྱེར་གྱིས་ཉེ་འཁོར་གྱི་དཀར་མཛེས་དང་ཡུལ་ཤུལ། བདེ་ཆེན་བཅས་ཁུལ་གསུམ་གདན་དྲངས་ཏེ་ས་གནས་ཀྱི་ཕུལ་བྱུང་རིག་གནས་དང་། སྤུས་ལེགས་རིག་རྩལ། ཁྱད་ལྡན་ཐོན་རྫས་བཅས་ཆབ་མདོ་རུ་སྐུལ་སྤེལ་དང་འགྲེམ་སྟོན་བྱས་ཏེ། བརྗེ་རེས་དང་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།