ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོར་དབུལ་ཐར་མཁྲེགས་གཏོར་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས་སྤྱི་བའི་ཞབས་ཞུ་ལ་ཤུགས་བསྣན་ཏེ། ཐོན་ལས་འཕེལ་རྒྱས་ལ་དམིགས་ནས། ལག་རྩལ་གསོ་སྦྱོང་སྤེལ་བ་དང་། ལས་ཞུགས་སྤོ་སྒྱུར་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་སོ་སོ་ནས་ལས་དོན་མང་པོ་སྒྲུབ་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་ལ། གྲོང་ཁྱེར་ཡོངས་ཀྱི་དབུལ་ཕོངས་མང་ཚོགས་བསྡོམས་པས་མི་ཐེངས156375ལས་ཞུགས་སྤོ་སྒྱུར་བྱས་ཤིང་། དབུལ་ཕོངས་མང་ཚོགས51750ལ་ལག་རྩལ་གསོ་སྦྱོང་སྤེལ་བ་དང་། གསོ་སྦྱོང་བྱས་རྗེས་མི43299ལས་ཞུགས་སྤོ་སྒྱུར་བྱས།
ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་ལ། ཆབ་མདོ་གྲོང་ཁྱེར་གྱིས་དབུལ་ཕོངས་མང་ཚོགས་ཀྱི་ལས་ཞུགས་སྤོ་སྒྱུར་དེ་ཁེ་ལས་རིགས་སོ་སོ་དང་། ལས་གཞིའི་ཡུལ་དངོས། འདེབས་འཛུགས་གསོ་སྤེལ་ར་བ། གྲོང་ཚོ་གསར་བའི་འཛུགས་སྐྲུན། དབུལ་སྐྱོར་ཡུལ་གཞན་གནས་སྤོར་སོགས་ངལ་རྩོལ་ཐོན་སྐྱེད་ཀྱི་འཐབ་ས་དང་པོ་རུ་རྒྱ་བསྐྱེད་དེ། “གྲོང་གསེབ་ཏུ་གསོ་སྦྱོང་བྱ་རྒྱུ་གཙོ་བོར་འཛིན་པ་དང་། གཅིག་བསྡུས་ངང་གསོ་སྦྱོང་བྱ་རྒྱུ་ཕལ་བར་བྱེད་པ། ཁ་གཏད་བོད་སྐྱོར་གྱི་གསོ་སྦྱོང་ཁ་གསབ་ཏུ་བྱེད་པ་བཅས་ཀྱི་གསོ་སྦྱོང་རྣམ་པ་གསར་བ་རིམ་བཞིན་གྲུབ་ཡོད་པ་རེད། ལས་ཞུགས་ཀྱི་འགུལ་རྣམ་“གཞི་གྲངས་མཛོད་”འཛུགས་པ་དང་རྗེས་སྙེག་ཞབས་ཞུའི་ལས་དོན་ཧུར་ཐག་གིས་སྤེལ་ནས། གསོ་སྦྱོང་བྱས་རྗེས་ཀྱི་སློབ་མའི་ལས་ཞུགས་ལས་སྐྲུན་གྱི་གནས་ཚུལ་ཞིབ་ཕྲ་ཚོད་འཛིན་བྱས་ཏེ། གསོ་སྦྱོང་རྗེས་ཀྱི་ལས་ཞུགས་བྱེད་ཚད་ཇེ་མཐོར་བཏང་བ་རེད།
ཆབ་མདོ་གྲོང་ཁྱེར་གྱིས་ས་གནས་དེའི་ཐོན་ལས་འཕེལ་རྒྱས་དང་མི་སྤྱོད་དགོས་མཁོ་དང་ཟུང་འབྲེལ་གང་ལེགས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་རོང་འབྲོག་པའི་ལས་གཞི་ལག་བསྟར་རུ་ཁག369རྩ་འཛུགས་བྱས་ནས་ལག་རྩལ་ལས་བཟོ་བའི་མངགས་ཐོ་རྣམ་པའི་གསོ་སྦྱོང་སྤེལ་བ་རེད། ལས་གཞི་ལག་བསྟར་རུ་ཁག་རེ་རེར་ལག་རྩལ་གྱི་ནུས་བ་ལྡན་པའི་ལས་བཟོ་བ10རེ་གསོ་སྦྱོང་བྱས། དེ་དག་ལྕགས་རྩིབས་ལས་བཟོ་བ་དང་། རྩིག་བཟོ་བ། རྩི་གཏོང་མཁན། ཤིང་བཟོ་བ། ཆུ་གློག་ལས་བཟོ་བ། རྐོ་འདྲུའི་འཕྲུལ་འཁོར་སོགས་ལས་རིགས15དང་འབྲེལ་བ་ཡོད་པ་དང་། བསྡོམས་པས་མི3956(ཡིག་ཚགས་དང་བྱང་བུ་བཟོས་པའི་མི་འབོར་དབུལ་བོ3901)ལ་གསོ་སྦྱོང་བྱས་ཡོད། གསོ་སྦྱོང་བྱས་རྗེས་མི3909བརྟན་རླིང་ངང་ལས་ཞུགས་བྱས་པ་དང་གསོ་སྦྱོང་བྱས་རྗེས་ལས་ཞུགས་བྱེད་ཚད98.81%ལ་སླེབས་ཡོད། རྫོང(ཆུས)གི་དབུལ་སྐྱོར་ཡུལ་གཞན་གནས་སྤོ་དང་ལས་གཞིའི་རྣམ་གྲངས་གཞི་ཁྱོན་ཆེན་པོས་ལས་འགོ་ཚུགས་པའི་གོ་སྐབས་དང་ཟུང་འབྲེལ་བྱས་པ་བརྒྱུད། མི6000ལ་བཟོ་སྐྲུན་རིགས་ཀྱི་གསོ་སྦྱོང་གསོ་སྦྱོང་སྤེལ་བ་རེད།
གཞན་ཡང་ཆབ་མདོ་གྲོང་ཁྱེར་གྱིས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ཏེ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བསྡོམས་པས་མི325ལ་ཁྲུང་ཆིང་དང་། ཧྥུའུ་ཅན། ཝུའུ་ཧན་པའོ་ཝུའུ་ངར་ལྕགས་སོགས་ས་ཆ་ནས་གསོ་སྦྱོང་བྱས། ཆབ་མདོར་རོགས་སྐྱོར་ཞིང་ཆེན(གྲོང་ཁྱེར)དང་ཁེ་ལས་ཀྱི་ལས་ཞུགས་བོད་སྐྱོར་གྱི་མི་ཤུགས་ཐོན་ཁུངས་ཀྱི་ཆེད་དོན་གདན་ཞུའི་ཚོགས་འདུ་ཐེངས་བཞི་འཚོགས་པ་དང་། ལྗོངས་ཕྱིའི་ལས་ཞུགས་ལས་གནས5000ལྷག་མཁོ་འདོན་བྱས་ཏེ། བསྡོམས་པས་རོང་འབྲོག་མང་ཚོགས40ལྗོངས་ཕྱིར་ལས་ཞུགས་ཐུབ་པ་དང་མི་རེར་ཆ་སྙོམས་ཟླ་རེའི་ཡོང་འབབ་སྒོར3000ཡན་མངོན་འགྱུར་བྱས། ཁ་གཏད་བོད་སྐྱོར་ལས་སྐྲུན་གསོ་སྦྱོང་འཛིན་གྲྭ་ཐེངས1རྩ་འཛུགས་བྱས་ནས་སློབ་མ50གསོ་སྦྱོང་བྱས་པ་དང་། དེའི་ནང་ཡིག་ཚགས་དང་བྱང་བུ་བཟོས་པའི་མི་འབོར་དབུལ་བོ35ཡོད་པ་དང་ལས་ཞུགས་མངོན་འགྱུར་བྱས་ནས་མི22ལ་སྐུལ་ཁྲིད་བྱས་ཡོད་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ཆབ་མདོ་གྲོང་ཁྱེར་གྱིས་དབུལ་ཕོངས་མང་ཚོགས་ལས་ཞུགས་སྤོ་སྒྱུར་བྱས་པར་གྲུབ་འབྲས་མངོན་གསལ་ཐོབ་པ།