པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་འཛམ་གླིང་ཡོངས་ལ་མཛེས་ལྡན་བོད་ལྗོངས་ཀྱི་སྐད་སྙན་བསྒྲགས་དགོས་ཞེས་གསུངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉིན་ཤས་སྔོན། ཀྲུང་གོ་ཆོས་ལུགས་ལས་རིགས་ཀྱི་ཞི་བདེ་ཨུ་ལྷན་གྱི་བོད་ལྗོངས་རྟོག་ཞིབ་ཚོགས་པས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་བཞུགས་མོལ་ཚོགས་འདུ་བསྡུས།

1.jpg

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་བཞུགས་མོལ་ཚོགས་འདུའིི་ཐོག་གསུང་བཤད་གནང་བཞིན་པ། 

རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུའམ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ཚོགས་འདུའི་ཐོག་རྟོག་ཞིབ་ཚོགས་པ་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པར་མ་ཟད། རྟོག་ཞིབ་ཚོགས་པས་བོད་དུ་མང་ཙམ་སྐྱོད་དེ་ལྟ་སྐོར་མང་ཙམ་བྱས་ནས་རང་ངོས་ཀྱི་ཁྱད་ཆོས་དང་ལེགས་ཆ་སྔར་བས་འདོན་སྤེལ་བྱས་ཏེ་འཛམ་གླིང་ལ་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་སྐད་སྒྲ་བཟང་པོ་བརྒྱུད་བསྒྲགས་དང་བདེ་འཇགས་བོད་ལྗོངས་ཀྱི་དྲང་ནུས་བརྒྱུད་སྤྲོད་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།  

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་གསུངས་རྒྱུར། དད་པ་བྱ་ཡུལ་མི་འདྲ་ཡང་ང་ཚོའི་ཕུགས་བསམ་དང་དད་སེམས་ཚང་མ་གཅིག་འདྲ་ཡིན་ཏེ། ང་ཚོའི་ཕུགས་བསམ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་རྒྱུ་དང་ང་ཚོའི་དད་སེམས་ནི་མེས་རྒྱལ་ཇེ་ལེགས་དང་མི་དམངས་ཇེ་སྐྱིད་ཡོང་རྒྱུ་དེ་རེད། བོད་བརྒྱུད་ནང་བསྟན་ནི་ནང་བསྟན་ཀྲུང་གོ་ཅན་དུ་གྱུར་བའི་བྱེ་བྲག་གི་མཚོན་ཚུལ་ཞིག་ཡིན་ལ། བོད་བརྒྱུད་ནང་བསྟན་གྱིས་སྔར་བཞིན་ཀྲུང་གོ་ཅན་གྱི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་གཏོང་དགོས། ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཞིག་ཡིན་པའི་ཆ་ནས་དེང་རབས་ཀྱི་ཀྲུང་གོའི་ཆོས་ལུགས་ཇི་ལྟར་འཕེལ་རྒྱས་གཏོང་བ་དང་དུས་རབས་ཀྱི་དགོས་མཁོ་དང་ཇི་ལྟར་བསྟུན་པར་བསམ་བློ་བཏང་ན་ད་གཟོད་ང་ཚོ་མི་རབས་འདིའི་ཀྲུང་གོའི་ཆོས་ལུགས་མི་སྣའི་ལོ་རྒྱུས་ཀྱི་ལས་འགན་དངོས་སུ་འགྲུབ་ཐུབ་ལ། ང་ཚོ་མི་རབས་འདིའི་རྒྱུད་འཛིན་པ་ཡག་པོ་ཞིག་བྱེད་ཐུབ་ཟེར།

2.jpg

བཞུགས་མོལ་ཚོགས་འདུའི་ཡུལ་དངོས། 

རྒྱལ་ཡོངས་སྲིད་གྲོས་ཀྱི་དྲུང་ཆེ་གཞོན་པ་ཀུའོ་ཅུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་ཕྱོགས་སྡོམ་གསུང་བཤད་གནང་། ཚོགས་ཞུགས་འཐུས་མི་ཚོས་དུས་རབས་གསར་པར་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པོ་ཡོང་རྒྱུར་སྐུལ་འདེད་བཏང་ནས“ཀྲུང་གོའི་ཆོས་ལུགས་ཞི་བདེའི”བྱ་གཞག་གི་རྣམ་པ་གསར་པ་གཏོད་པ་དང་། ཀྲུང་གོའི་ཆོས་ལུགས་ཀྱི་གཏམ་རྒྱུད་ཡག་པོ་བཤད་པ། ཀྲུང་གོའི་ཆོས་ལུགས་ལས་རིགས་ཀྱི་འབོད་སྐུལ་བཏོན་ཏེ་འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།  

ཀྲུང་གོའི་ཆོས་ལུགས་ཆེ་གྲས་ལྔའི(ནང་བསྟན་དང་ཏའོ་ཇོ་ཆོས་ལུགས། དབྱི་སི་ལམ་ཆོས་ལུགས། གནམ་བདག་ཆོས་ལུགས། ཡེ་ཤུའི་ཆོས་ལུགས།)ཚབ་མཚོན་མི་སྣས་བོད་ལྗོངས་སུ་ཡུལ་དངོས་ལྟ་ཞིབ་བྱས་རྗེས་བསྟན་དོན། བོད་ཀྱི་སྲིད་དར་དམངས་བདེ་དང་མི་རིགས་མཐུན་སྒྲིལ། མི་དམངས་བདེ་སྐྱིད་ལྡན་པ་བཅས་དངོས་སུ་མཐོང་བ་བརྒྱུད་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁྲོད་བོད་ལྗོངས་ཀྱི་འཕེལ་རྒྱས་དང་གྲུབ་འབྲས་ལ་རོལ་མྱོང་བྱེད་ཐུབ། བོད་དུ་ཁོང་ཡངས་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད་པས་འཆམ་མཐུན་སྤྲོ་སྣང་ལྡན་པའི་དག་ཞིང་ཞིག་རེད།

108cde4b-83f9-4008-a782-b37004bbc0e2.jpg

ཚོགས་ལུགས་འཐུས་མིའི་མཉམ་པར། 

ཀྲུང་གོའི་ཆོས་ལུགས་ལས་རིགས་ཀྱི་ཞི་བདེ་ཨུ་ཡོན་ལྷན་ཁང་ནི1994ལོའི་ཟླ7པར་རང་རྒྱལ་གྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་གྲགས་ཅན་ཀྲའོ་ཕུའུ་ཁྲུའུ་དང་ཏིང་ཀོང་ཞུན་གཉིས་ཀྱིས་གྲོས་འགོ་བཏོན་ཞིང་། གཙོ་བོ་ཀྲུང་གོའི་ནང་བསྟན་དང་། ཏའོ་ཇོ་ཆོས་ལུགས། དབྱི་སི་ལམ་ཆོས་ལུགས། གནམ་བདག་ཆོས་ལུགས། ཡེ་ཤུ་ཆོས་ལུགས་བཅས་ཀྱི་འཐུས་ཚབ་མི་སྣས་གྲུབ་པ་ཞིག་ཡིན། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།