བོད་ལྗོངས་འདམ་གཞུང་དུ་ཡུལ་གཞན་གནས་སྤོར་མང་ཚོགས་འབྱོར་འབྲིང་ཕྱོགས་སུ་བསྐྱོད།

139261260_15964431106931n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཀྱིས་བྱེད་ཐབས་མང་པོ་ཟུང་འབྲེལ་བྱས་ཏེ། ཡུལ་གཞན་དབུལ་སྐྱོར་གནས་སྤོར་ལག་བསྟར་བྱས་ནས། ས་གནས་དེ་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱས་ལ། གནས་སྤོར་ཁྱིམ་ཚང་བརྟན་རླིང་ངང་དབུལ་ཐར་བྱེད་པ་མངོན་འགྱུར་བྱས་པ་དང་། བདེ་བཀོད་ས་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། གྲོང་ཚོའི་དར་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་།

བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་ཚྭ་ཆུ་ཐང་གྲོང་ཚོའི་ཁྱིམ་ཚང150ཡི་མང་ཚོགས683ནི2017ལོའི་ལོ་མཇུག་ནས་བཟུང་སྔ་གཞུག་ཏུ་ནག་ཆུ་དང་ཆབ་མདོ་སོགས་ཤིན་ཏུ་དཀའ་ཚེགས་ཆེ་བའི་ས་ཁུལ་ནས་གནས་སྤར་ཏེ་ཡོང་བ་ཡིན། མང་ཚོགས་མང་ཆེ་བ་སྔོན་ཆད་མཐོ་གྲང་ས་ཁུལ་དུ་ཕྱུགས་ལས་གཉེར་བཞིན་ཡོད་པ་དང་། གློག་དང་ཆུ་མེད་པ་མ་ཟད་སྨན་རྫས་དང་སྨན་བཅོས་ཀྱང་ཧ་ཅང་དཀོན། གྲོང་ཚོ་གསར་བ་རུ་ཡོང་རྗེས། ཡངས་པ་ཅན་ཆུ་ཁོལ་གནས་སྐོར་དུ་མ་རྐང་བཞག་ནས་ཁེ་སྤེགས་བགོ་བ་དང་། ལུག་གསོ་སྤེལ་འཕེལ་རྒྱས་སུ་གཏོང་བ། ལག་ཤེས་ལས་སྣོན་མཉམ་ལས་ཁང་སོགས་ཐུན་མོང་དཔལ་འབྱོར་དང་ཉེ་ས་ནས་སྟབས་བདེ་ཞོར་ལས་བྱེད་པར་བརྟེན་ནས་ཡོང་སྒོ་ཇེ་མང་དུ་གྱུར་བ་དང་། མང་ཚོགས་རྣམས་ཀྱིས་བདེ་སྐྱིད་ལྡན་པའི་འབྱོར་འབྲིང་འཚོ་བ་རོལ་ཐུབ་པ་བྱུང་།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།