ད་ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར103ལ་སླེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས2020ལོའི་ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་ཆ་འཕྲིན་ཅན་འཁོར་སྐྱོད་བཀོད་གཏོང་བརྙན་འཕྲིན་ཁ་པར་ཚོགས་འདུའི་སྟེང་ནས་རྒྱུས་ལོན་པ་ལྟར་ན། ལོ་སྟོད་དུ། བཟོ་ལས་དཔལ་འབྱོར་རིམ་བཞིན་ཇེ་ལེགས་སུ་གྱུར་བ་དང་། ལྗོངས་ཡོངས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར103.38ལ་སླེབས་ཏེ། དུས་མཉམ་ལས3.36%འཕར། མིག་སྔར་ལྗོངས་ཡོངས་ཀྱི་གཙོ་གནད་བཟོ་ལས་རྣམ་གྲངས33ཡོད་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར244.46བཏང་ཡོད།

 རྒྱུས་ལོན་པ་ལྟར་ན། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་ཆ་འཕྲིན་ཅན་ཁོངས་གཏོགས་ཀྱིས་ལས་རིགས་མཛུབ་ཁྲིད་དང་དོ་དམ་གྱི་འགན་འཁྲི་ནན་ཏན་བསྒྲུབས་ནས་ཁེ་ལས་རིམས་ནད་ཀྱི་དཀའ་གནད་ལས་སྒྲོལ་བར་རོགས་རམ་བྱས་ཏེ། “ཁེ་ལས་གཅིག་ལ་ཐབས་ཇུས་གཅིག”གི་རོགས་སྐྱོར་ལམ་སྲོལ་བཙུགས་ནས། ཁེ་ལས་ཀྱི་དཀའ་ངལ་དང་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱ་རྒྱུ་དང་། དངུལ་ཁང་དང་ཁེ་ལས་སྦྲེལ་མཐུད་ཀྱི་ཞབས་ཞུ་གཏིང་ཟབ་ཏུ་སྤེལ་ནས་ཐོན་སྐྱེད་མཉམ་འདྲེས་ཀྱི་སྟེགས་བུ་བསྐྲུན་རྒྱུ་ཡིན་པ་མ་ཟད། ཐོན་འཚོང་འབྲེལ་མཐུད་ཀྱི་སྟེགས་བུ་བསྐྲུན་ནས་ཐོན་རྫས་ཕྱིར་ཚོང་བྱེད་ཚད་ཇེ་མཐོར་གཏོང་བར་ཤུགས་སྣོན་བྱེད་པ་དང་། དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་གི་རྩིས་ཐོ་གཙང་བཤེར་དང་འགྱངས་ཆད་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་བ་བརྒྱུད། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ། ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།