དེང་རབས་ཅན་གྱི་ཐོན་ལས་མ་ལག་ཧུར་ཐག་བཏོད་དེ་དབུལ་གྲོལ་འགག་སྒྲོལ་ལས་ཀར་གསོན་ཤུགས་སྦྱིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན།  ནག་ཆུ་གྲོང་ཁྱེར་མཚེའུ་གཉིས་རྫོང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།  འབྲོག་ལས་གཙོ་བོར་བྱེད་པ་དང་།  ཁྱད་ལྡན་ཐོན་ལས་དང་མྱུར་སྒྲུབ་རྣམ་གྲངས་གཞི་རྟེན་དུ་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཧུར་ཐག་བཏོད་དེ།  དབུལ་གྲོལ་འགག་སྒྲོལ་ལས་ཀར་གསོན་ཤུགས་སྦྱིན་ཡོད།

མཚེའུ་གཉིས་རྫོང་གིས་རྩྭ་རའི་རྒྱ་ཁྱོན་ཆེ་བ་དང་ཕྱུགས་ཟོག་གི་གྲངས་འབོར་མང་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།  རྫོང་དང་ཤང་ནས་གཅིག་གྱུར་དོ་དམ་གྱིས་ཚོགས་པའི་འབྲོག་ལས་ཆེད་ལས་མཉམ་ལས་རྩ་འཛུགས་ཧུར་ཐག་བཏོད་ཡོད་པ་དང་།  དེང་སྐབས་རྫོང་དེ་ཡོངས་སུ་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང1093གྱི་མི4378ཚུད་པའི་དུད་ཚང2569ཡི་མི་ཁྲི1.297ཚང་མ་འབྲོག་ལས་ཆེད་ལས་མཉམ་ལས་རྩ་འཛུགས་ནང་ཞུགས་ཡོད།

དེ་དང་ཆབས་ཅིག་རྫོང་དེས་ཕུན་སུམ་ཚོགས་པའི་རང་བྱུང་དང་རིག་གནས་ཐོན་ཁུངས་ལ་གང་ལེགས་བརྟེན་ཏེ།  བོད་སྐྱོར་ཁེ་ལས་ཀྱིས་དབུལ་སྐྱོར་ཡུལ་སྐོར་རྣམ་གྲངས་གསར་སྤེལ་བྱེད་རྒྱུར་སྦྲེལ་མཐུད་ཧུར་ཐག་བྱས་ནས།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་བ1250དབུལ་གྲོལ་ཐུབ་རྒྱུར་སྐུལ་ཁྲིད་བྱེད་རྩིས་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  ལོ་ལྔ་ཚན་བཅུ་གསུམ་པའི་རིང་།  མཚེའུ་གཉིས་རྫོང་གིས་སྒོར་དུང་ཕྱུར2ལྷག་ཙམ་བཏང་ནས་ཐོན་ལས་དབུལ་སྐྱོར་རྣམ་གྲངས24ལག་བསྟར་བྱེད་རྩིས་ཡོད་པའི་ནང་།  སྒོར་དུང་ཕྱུར1ལྷག་ཙམ་དོན་འཁྱོལ་ཟིན་ཏེ།  རྣམ་གྲངས17བསྐྲུན་ཟིན་ཞིང་རྣམ་གྲངས15བེད་སྤྱོད་བཏང་ཟིན་པ་དང་།  མ་དངུལ་དང་ལས་གནས།  རྐང་དངུལ་བཅས་ལ་བརྟེན་ནས་དབུལ་ཕོངས་མང་ཚོགས3424ལ་འབབ་འཕར་སྒོར་ཁྲི་ཚོ1532ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།