རྒྱ་བོད་ཡིག་སྒྱུར་གྱི་དངུལ་རྩའི་ཞབས་འདེགས་འབྲེལ་ཟམ་བཙུགས་ནས་བོད་ལྗོངས་ཀྱི“ཞིང་གསུམ”དངུལ་རྩའི་ཞབས་འདེགས་ལ་རམ་འདེགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་སྐད་ཡིག་གི་སྤྱི་ཚོགས་སྤྱོད་ཡིག་ནི་ཏང་གིས་མི་རིགས་ས་ཁུལ་དུ་ལས་དོན་ཁག་གང་ལེགས་སྒྲུབ་པར་མེད་དུ་མི་རུང་བའི་སྤྱོད་ཆས་གལ་ཆེན་ཞིག་ཡིན་པ་མ་ཟད། ཞིང་ལས་དངུལ་ཁང་གི་དམངས་གཙོའི་དངུལ་རྩའི་ཞབས་འདེགས་ཞུ་བའི་ལས་དོན་གང་ལེགས་སྒྲུབ་པ་དང་ཡང་ཁ་བྲལ་ཐབས་མེད་པ་ཞིག་རེད། བོད་ལྗོངས་ཞིང་ལས་དངུལ་ཁང་ནི་བོད་ལྗོངས་ཙམ་མ་ཟད་རྒྱལ་ཡོངས་དངུལ་རྩའི་མ་ལག་ཁྲོད་རྒྱ་བོད་ཡིག་སྒྱུར་གྱི་སྒྲིག་གཞི་བཙུགས་པའི་ཚོང་ལས་དངུལ་ཁང་འབའ་ཞིག་དེ་ཡིན་པས། རང་སྐྱོང་ལྗོངས་ཏང་ཨུད་སྲིད་གཞུང་དང་ཞིང་ལས་སྤྱི་ཁྱབ་དངུལ་ཁང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན(རྩོམ་སྒྱུར་ཅུས)གྱི་མཛུབ་སྟོན་དང་རྒྱབ་སྐྱོར་ཤུགས་ཆེན་འོག ཐོག་མཐའ་བར་གསུམ་དུ་དངུལ་རྩའི་རྒྱ་བོད་ཡིག་སྒྱུར་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། རང་རྟོགས་ངང་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ལོ་རྒྱུས་དང་དུས་རབས་ཀྱི་འགན་འཁྲི་དང་དངུལ་རྩའི་ཡིག་སྒྱུར་བྱ་གཞག་གི་གཙོ་ཤུགས་དམག་དང་སྲོག་ཤིང་བཅས་ཡིན་པའི་སྤྱི་ཚོགས་ཀྱི་འགན་འཁྲི་གལ་ཆེན་ལག་ལེན་ནན་ཏན་བསྟར་ཏེ། དངུལ་རྩས“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་ལས་དོན་ཡག་པོ་སྒྲུབ་ཆེད་སྐད་ཡིག་གི་ཞིང་གསུམ་ལ་ཞབས་འདེགས་ཞུ་བའི་འབྲེལ་ཟམ་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དངུལ་རྩའི་མ་ལག་ཁྲོད་བོད་སྐད་ཡིག་ཁྱབ་སྤེལ་དང་ཚད་ལྡན་བེད་སྤྱོད་ཀྱི་མིག་དཔེའི་སྒྲིག་གཞི་ཞིག་བཏོད་ཡོད།

བོད་ལྗོངས་ཞིང་ལས་དངུལ་ཁང་གིས་སྔར་ལས་ལྷག་པའི་སྒོ་ནས་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པར་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་དངུལ་རྩའི་ཞབས་འདེགས་ལ་བཅངས་པའི་བླང་བྱ་གསར་པ་དང་རེ་བ་གསར་པའི་དགོས་མཁོ་གང་ལེགས་སྐོང་ཆེད་དངུལ་ཁང་དེས་སྤྱི་ཡོངས་དང་ཕུགས་ཕན་རང་བཞིན་གྱི་དུས་རབས་ཀྱི་འཕེལ་རིམ་བཟང་པོར་བསྟུན་ནས། གྲངས་འཛིན་ཅན་གྱི་རྣམ་པར་སྒྱུར་བའི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་གཞིགས་ཏེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་སྤྱོད་གོ་ཆེ་ཤོས་ཀྱི་དེང་རབས་རིག་ནུས་ཅན་གྱི་བོད་ཡིག་པར་མའི་ཞབས་ཞུ་བཀོད་སྒྲིག་ལ་དམ་འཛིན་ཧུར་ཐག་བྱས་ནས་སྔ་རྗེས་སུ་ལས་རིགས་གཅིག་པའི་ཁྲོདATMའཕྲུལ་འཁོར་དང་། ཁ་པར་ནས་རྩིས་སྒྱུར། རིག་ནུས་གཏོང་སྤྲོད་ཀྱི་ཞིང་རོགས་དངུལ་བཅོལ་ལེན། སྦར་མཐིལ་དངུལ་ཁང་སོགས་སུ་བོད་ཡིག་དང་བོད་སྐད་གཉིས་ལྡན་གྱི་བཀོལ་སྤྱོད་ཞབས་འདེགས་ནུས་པ་འདོན་སྤེལ་བྱེད་མཁན་ཐོག་མ་དེ་ཡིན་པ་མ་ཟད། ལྷག་དོན་མིག་སྔའི་ཚུན་དུ་ཚད་ལྡན་ཅན་དང་། དམངས་གཙོ་ཅན། གོ་བདེ་སྤྱོད་བདེ་ཅན་གྱི《རྒྱ་བོད་ཤན་སྦྱར་གྱི་དངུལ་རྩའི་ཐ་སྙད་ཚིག་མཛོད》དཔེ་སྐྲུན་འགྲེམས་སྤེལ་བྱས་པ་སོགས་ལྗོངས་ཡོངས་སུ“ཞིང་གསུམ”ཞབས་ཞུའི་ཁྱབ་ཁོངས་སུ་སྒུལ་སྐྱོད་དངུལ་རྩའི་ཞབས་ཞུའི་བཀྲག་མདངས་འཚེར་ཤོས་སུ་གྱུར་ཡོད་པ་དང་ཕྱོགས་མཚུངས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་མཇུག་བསྡུའི་ལོ་བཅས་ལ་དམ་པོར་གཞིགས་ནས། དངུལ་ཁང་དེས་བོད་ལྗོངས་ཉིན་རེའི་བོད་ཡིག་ཚགས་པར་སོགས་གཙོ་རྒྱུན་སྨྱན་སྦྱོར་བརྒྱུད་ཏང་གི་དམངས་ཕན་དངུལ་རྩའི་སྲིད་ཇུས་དང་ས་གནས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་དངུལ་རྩའི་ཐོན་རྫས་སོགས་གཙོ་གནད་དྲིལ་བསྒྲགས་ཟམ་མི་ཆད་པར་བྱས་པས། ཏང་ཀྲུང་དབྱང་དང་། རང་སྐྱོང་ལྗོངས་ཏང་ཨུད་སྲིད་གཞུང་། དེ་བཞིན་ཞིང་ལས་སྤྱི་ཁྱབ་དངུལ་ཁང་གི་དངུལ་རྩའི་གཟིགས་སྐྱོང་སྲིད་ཇུས་ཁག་ཇི་མ་ཇི་བཞིན་གཞི་རིམ་གྱི་འཐབ་ས་དང་པོ་དང་ཞིང་འབྲོག་མང་ཚོགས་ཁྲོད་དུ་ཁྱབ་སྟེ། དངུལ་རྩས“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་ལས་དོན་གང་ལེགས་སྒྲུབ་ཆེད་བོད་རྒྱ་སྐད་ཡིག་གིས་འབྲེལ་ཟམ་ཡག་པོ་ཞིག་བསྐྲུན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།