ལོ་སྟོད་དུ་བོད་ལྗོངས་ཀྱི་དྲ་ཐོག་ཚོང་དོན་དཔལ་འབྱོར་གྱི་བསྐྱར་འཕར་རྣམ་པ་མངོན་གསལ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པས་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་དང་པོ་ནས་དྲུག་པ་བར་བོད་ལྗོངས་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཆེན་པོ་ཕྱིན་ནས་དངོས་པོའི་རྣམ་པའི་དྲ་རྒྱའི་སིལ་ཚོང་གཙོ་བོར་བྱས་པའི་དྲ་ཐོག་ཚོང་དོན་སིལ་ཚོང་བྱེད་ཚད་རྒྱུན་མཐུད་བརྟན་པོ་བྱུང་སྟེ་དྲ་རྒྱའི་སིལ་ཚོང་བྱེད་འབོར་སྒོར་དུང་ཕྱུར24.59བྱུང་བ་དེ་དུས་མཚུངས་ལས19.72%འཕར་ནས་རྒྱལ་ཡོངས་ཀྱི་ཨང4པར་སླེབས་པ་དང་འཕར་ཚད་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས11.98ཀྱིས་མཐོ་བ་ཡོད་པ་རེད།

འདི་ལོའི་ཟླ་དྲུག་པའི་ཟླ་མཇུག་བར་ལྗོངས་ཡོངས་སུ་དྲ་ཐོག་ཚོང་དོན་བྱེད་མཁན་བསྡོམས་འབོར32070ཡོད་པ་དང་མི་ཁྲི12.87ལས་ཞུགས་ཐུབ་རྒྱུར་སྣེ་ཁྲིད་བྱས་ཡོད། སྤྱི་ཚོགས་འབྲེལ་བའི་དྲ་ཐོག་ཚོང་དོན་དང་ཅ་དངོས་ཐད་ཚོང་ལེ་ཚན་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ས་གནས་དེ་གའི“བྲིན་ཁ་རྒྱུག་པོ་མེད་པའི”ཞིང་ལས་ཐོན་ཟོག་འཚོང་རོགས་བྱས་པས། ལྗོངས་ཡོངས་ཀྱི་ཞིང་ལས་ཐོན་ཟོག་གི་དྲ་ཐོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར4.82བྱུང་ནས་དུས་མཚུངས་ལས39.01%འཕར་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།