བོད་ལྗོངས་ཀྱི་ཚོང་དོན་ལམ་ལུགས་བསྒྱུར་བཅོས་ཀྱིས་ཁྲོམ་རའི་གསོན་ཤུགས་སྔར་བས་འཕེལ་རྒྱུར་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་གསར་འགོད་པས་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱས་པར། འདི་ལོའི་ཟླ6པའི་ཟླ་མཇུག་བར། ལྗོངས་ཡོངས་སུ་ཁྲོམ་རའི་བྱེད་པོ་དུད་ཚང་ཁྲི34.5དང་། ཐོ་བཀོད་མ་དངུལ་སྒོར་དུང་ཕྱུར17443.6ཟིན་པ་དེ། ན་ནིང་གི་དུས་མཚུངས་ལས་དུད་ཚང་ཁྲི6.3དང་སྒོར་དུང་ཕྱུར3620.13སོ་སོར་འཕར་ནས་དུས་མཚུངས་ལས22.4%དང26.2%འཕར་ཡོད་པ་རེད།

ཐོ་འགོད་སྟབས་བདེ་ཅན་གྱི་ལས་དོན་ལ་སྐུལ་འདེད་གཏོང་ཆེད། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་དྲ་ཐོག་ཐོ་བཀོད་ལས་སྟེགས་ཀྱི་མ་ལག་ནུས་པ་འཐུས་སྒོ་ཚང་དུ་བཏང་ནས། “དྲ་ཐོག་ནས་རེ་ཞུ་ཕུལ་བ་དང་། དྲ་ཐོག་ནས་བདག་སྤྲོད་བྱེད་པ། དྲ་ཐོག་ནས་ཞིབ་དཔྱད་བྱེད་པ། དྲ་ཐོག་ནས་ལག་ཁྱེར་གཉེར་བ། དྲ་ཐོག་ནས་ཡིག་ཚགས་ནང་འཇུག་པ”བཅས་ཁྱབ་གདལ་བཏང་བས་རྣམ་གྲངས་ཚང་མ་དྲ་ཐོག་ནས་གཉེར་ཐུབ་པ་བྱས་པ་རེད། ད་ཆ་གསར་དུ་བཙུགས་པའི་ཁེ་ལས་ཀྱིས་གློག་རྡུལ་ཅན་སྤྱོད་ཚད95%ཟིན་ཡོད་པ་རེད།

རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་གོམ་སྟབས་རྗེས་མར། ཁེར་རྐྱང་བཟོ་ཚོང་དུད་ཚང་གི“རིག་ནུས་ཞིབ་མཆན”མུ་མཐུད་ཁྱབ་གདལ་གཏིང་ཟབ་བཏང་ནས་ལོ་མཇུག་ཏུ་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཚོང་དོན་ཐོ་འགོད་དྲ་ཐོག་ནས་རེ་ཞུ་དང་གཉེར་ཚད100%ཟིན་པ་དང་སྲིད་འཛིན་ཞིབ་མཆན་དོན་ཚན“དྲ་ཐོག་གཅིག་འཐུས”ཀྱིས་གཉེར་ཐུབ་རྒྱུ་དང་། སྣ་མང་ཅན་གྱི་ཁྲོམ་རའི་བྱེད་པོ་ཕྱིར་འཐེན་ལམ་ལུགས་བཙུགས་ནས་སྤྱིར་བཏང་ཐོ་སུབ་ལེགས་སྒྲིག་དང་། སྟབས་བདེའི་ཐོ་སུབ་འཐུས་སྒོ་ཚང་དུ་གཏོང་བ། བཙན་ཤེད་ཕྱིར་འཐེན་ལམ་ལུགས་འཚོལ་ཞིབ་བཅས་བྱ་རྒྱུ་དང་། ཐོ་སུབ“དྲ་ཐོག་གཅིག་འཐུས་ལས་སྟེགས”འཛུགས་པ། ཆ་འཕྲིན་མཉམ་སྤྱོད་དང་། དྲ་ཐོག་མཉམ་སྒྲུབ་བཅས་བྱས་ནས་འབྲེལ་ཡོད་སྡེ་ཚན་དབར་གྱི་མཐུན་སྦྱོར་མཉམ་སྒུལ་ལ་ཤུགས་སྣོན་རྒྱག་རྒྱུ། ཐོན་རྫས་འཇུག་འཐུས་ཀྱི་སྒྱུར་བཅོས་ཟབ་ཏུ་བཏང་ནས“ཁེ་ལས་གཅིག་ལ་ལག་ཁྱེར་གཅིག”དང་། “ཡིག་ཐོག་ཁས་ལེན” བཙན་ཤེད་རང་བཞིན་གྱི་ཐོན་རྫས་ཀྱི་ངོས་དཔང་ར་སྤྲོད་སོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ། ཉེན་ཁ་ཆུང་བའི་བཟའ་བཅའི་ཡིག་ཐོག་ཁས་ལེན་ལམ་ལུགས་ཀྱི་ཚོད་ལྟའི་ལས་དོན་སྤེལ་རྒྱུ་འཚོལ་ཞིབ་བཅས་བྱས་ཏེ་ཚོང་དོན་ལམ་ལུགས་སྒྱུར་བཅོས་ཀྱི་ཕན་འབྲས་རྒྱ་ཆེར་གཏོང་རྒྱུ་བཅས་རེད་ཅེས་བརྗོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།