བོད་ལྗོངས་ཀྱི་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལས་སྐྲུན་གསོ་སྐྱོང་རྟེན་གཞི་ཐོག་མ་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ཀུང་སི་ལས་སྐྲུན་གླིང་དུ་ཞུགས་པར་ཁེ་ལས་ཀྱི་རྒྱུན་གཏན་དོ་དམ་དང་གཞུང་དོན་སྒྲུབ་པའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བར་ཕན་ཐོགས་ཡོད་པ་མ་ཟད། ང་ཚོའི་དབང་བོ་སྐྱོན་ཅན་གྱི་ལས་སྐྲུན་ཚོགས་པའི་སྤེལ་རེས་མཉམ་ལས་དང་ལས་སྒྲུབ་ལས་གཏོད་ལ་སྟེགས་བུ་ཡག་པོ་ཞིག་ཀྱང་མཁོ་འདོན་བྱས་ཡོད། ཉེ་ཆར། བོད་ལྗོངས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལས་སྐྲུན་གླིང་གི་སྒོ་བྱང་འགེལ་བའི་མཛད་སྒོའི་སྟེང་དབང་བོ་སྐྱོན་ཅན་གྱི་ལས་སྐྲུན་པ་ཡིན་པའི་བོད་ལྗོངས་མཐོ་སྒང་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིའི་སྲོལ་གཏོད་མཁན་ཇོ་ལེགས་ཀྱིས་སེམས་ཀྱི་སྤྲོ་སྣང་བརྗོད་པ་རེད།

  བོད་ལྗོངས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལས་སྐྲུན་གླིང་དེ་བོད་ལྗོངས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུའི་ལྟེ་གནས་སུ་ཡོད་པ་དང་། མིག་སྔར་ཇོ་ལེགས་དང་འདྲ་བའི་དབང་བོ་སྐྱོན་ཅན་གྱི་ལས་སྐྲུན་པ45དང་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་དང་ལེན་བྱེད་མཁན་མང་པོ་ཁེ་ལས་དེར་ཞུགས་ཡོད་པ་རེད། ལས་སྐྲུན་གླིང་དེ་བོད་ལྗོངས་ཀྱི་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལས་སྐྲུན་གསོ་སྐྱོང་རྟེན་གཞི་ཐོག་མ་ཡིན་ཞིང་། དབང་བོ་སྐྱོན་ཅན་གྱི་ལས་སྐྲུན་ཚོགས་པ་དང་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་རིགས་ཀྱི་ལས་སྐྲུན་ཚོགས་པ་སོགས་ཞབས་ཞུ་བྱ་ཡུལ་གཙོ་བུ་རུ་བརྩིས་ནས་ཁོང་ཚོར་ལས་སྐྲུན་གསོ་སྦྱོང་བྱ་ཡུལ་དང་། ལས་སྐྲུན་གསོ་སྦྱོང་། སྲིད་ཇུས་བློ་འདྲི། རྣམ་གྲངས་སྦྲེལ་མཐུད། གསར་གཏོད་ལག་རྩལ་རྒྱབ་སྐྱོར་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་བཞིན་ཡོད། ལས་སྐྲུན་གླིང་གཉེར་སྐྱོང་ཚན་པའི་འགན་འཁུར་བ་བསྟན་འཛིན་དགེ་ཤེས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་བཅའ་སྡོད་ཁེ་ལས་ནང་ལས་སྒོ་གཉེར་སྐྱོང་དང་སྤུས་རྟགས་གཏོད་པ་སོགས་ཀྱི་ཐད་ཉམས་མྱོང་ཕུན་སུམ་ཚོགས་པའི་ཕུལ་བྱུང་ཚོགས་པ་ཡོད་པ་མ་ཟད། ཁོང་ཚོས་ཀྱང་སྐུལ་ཁྲིད་ཀྱི་ནུས་བ་ཧུར་ཐག་གིས་བཏོན་ཏེ། ཕུགས་འདུན་ཡོད་པའི་དབང་བོ་སྐྱོན་ཅན་གྱི་གྲོགས་པོ་སྔར་ལས་མང་བར་ལས་སྐྲུན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པར་རོགས་རམ་བྱ་རྒྱུ་རེད།  །

རྒྱུས་ལོན་པ་ལྟར་ན། ལས་སྐྲུན་གླིང་དུ་རྣམ་གྲངས(ཐོན་རྫས)འགྲེམ་སྟོན་ཁུལ་དང་། ཁེ་ལས་གཞུང་སྒྲུབ་ཁུལ། ལག་རྩལ་གསོ་སྦྱོང་ཁང་། སྤྲོ་གསེང་བྱ་འགུལ་ཁང་སོགས་ཀྱི་བྱེད་ནུས་ཁུལ་འདུས་ཡོད། སྤྱིིའི་འཛུགས་སྐྲུན་གཞི་ཁྱོན་ལ་སྨི་གྲུ་བཞི་མ2578.6ཡོད་དེ། གསར་དུ་སྐྲུན་པའི་ཁེ་ལས་དང་ལས་སྐྲུན་རྣམ་གྲངས(སྡེ་ཚོགས)60ཡན་བསྡུ་ལེན་བྱེད་ཐུབ།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།