བོད་ལྗོངས་མཐའ་མཚམས་ཀྱི་གཞི་རིམ་མཁོ་འཚོང་མཉམ་ལས་ཁང་ཐོག་མ་ཡུལ་སྨད་ཤང་དུ་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ།

139251869_15961068973241n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས30ཉིན་གྱི་སྔ་དྲོར། བོད་ལྗོངས་མཐའ་མཚམས་ཀྱི་གཞི་རིམ་མཁོ་འཚོང་མཉམ་ལས་ཁང་ཐོག་མ་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ་དང་། དེ་ལས་བོད་ལྗོངས་མཐའ་མཚམས་ས་ཁུལ་གྱི་མཁོ་འཚོང་མཉམ་ལས་ཁང་གི་འཛུགས་སྐྲུན་རྣམ་གྲངས་ཕྱོགས་ཡོངས་ནས་ལག་བསྟར་དུས་མཚམས་སུ་སླེབས་པ་མཚོན་ཡོད།

139251869_15961068973711n.jpg

ཟླ7པའི་ཚེས30ཉིན་ས་གནས་དེའི་མང་ཚོགས་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་པ།

ཡུལ་སྨད་ཤང་གི་ཧྲུའུ་ཅི་ཟླ་བས་ངོ་སྤྲོད་བྱས་པ་ལྟར་ན། གསར་དུ་བཙུགས་པའི་ཡུལ་སྨད་ཤང་གི་གཞི་རིམ་མཁོ་འཚོང་མཉམ་ལས་ཁང་དེ་ཧྲེ་ཡོན་འཐུས་མི་ཚོགས་ཆེན་བསྡུས་ཏེ་ལས་འཛིན་ལྷན་ཚོགས་དང་ལྟ་ཞིབ་ལྷན་ཚོགས་འདེམས་བསྐོ་བྱས་ནས་གྲུབ་པ་དང་། གཞི་རིམ་གྱི་སྲོལ་ཡིག་ལ་གྲོས་འཆམ་བྱུང་ཡོད་ཟེར།

139251869_15961068974331n.jpg

ཟླ7པའི་ཚེས30ཉིན་ས་གནས་དེའི་མང་ཚོགས་ཀྱིས་ཧོང་ཀྭ་འཐོག་བཞིན་པ། སྔོ་ཚལ་འདི་དག་མཁོ་འཚོང་མཉམ་ལས་ཁང་བརྒྱུད་དེ་ས་གནས་སོ་སོར་བཙོང་བཞིན་ཡོད།

ཐེངས་འདིར་བཙུགས་པའི་ཡུལ་སྨད་ཤང་གི་མཁོ་འཚོང་མཉམ་ལས་ཁང་ནི་བོད་ལྗོངས་མཐའ་མཚམས་ཀྱི་གཞི་རིམ་མཉམ་ལས་ཁང10འཛུགས་སྐྲུན་འཆར་གཞིའི་ནང་གསེས་ཡིན་ཞིང་། ང་ཚོས་མཁོ་འཚོང་མཉམ་ལས་ཁང་གི་གཞི་རིམ་རྩ་འཛུགས་དང་ཉོ་ཚོང་ཞབས་ཞུ་དྲ་རྒྱ་བརྒྱུད་དེ། ཡུལ་སྨད་ཤང་སོགས་མཐའ་མཚམས་ས་ཁུལ་དུ་གཞིས་སྲུང་བྱེད་བཞིན་པའི་མང་ཚོགས་ལ་འཚོ་བའི་དངོས་ཟོག་འདོན་སྤྲོད་དང་དམངས་བདེ་ཞབས་ཞུ་སྔར་ལས་ལེགས་པ་འདོན་སྤྲོད་བྱ་རྒྱུ་ཡིན་ཞེས་ཀྲུང་ཧྭ་རྒྱལ་ཡོངས་མཁོ་འཚོང་མཉམ་ལས་ཁང་གི་སྤྱི་ཁྱབ་ལྟ་ཞིབ་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་ཐང་དབྱི་ཁྲེང་གིས་དེ་ལྟར་བཤད།

139251869_15961068974801n (1).jpg

ཟླ7པའི་ཚེས30ཉིན་བོད་ལྗོངས་མཁོ་འཚོང་མཉམ་ལས་ཁང་གི་འགན་འཁུར་བས་མང་ཚོགས་ལ་སྔོ་ཚལ་འདེབས་འཛུགས་སྐོར་གྱི་རྒྱུན་ཤེས་བཤད་བཞིན་པ།

ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་མཁོ་འཚོང་མཉམ་ལས་ཁང་གིས་ལྷོ་ཁ་གྲོང་ཁྱེར་དང་། གཞིས་ཀ་རྩེ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ས་ཁུལ་དང་གྲོང་ཁྱེར་རིམ་པའི་མཉམ་ལས་ཁང4དང་། རྫོང་རིམ་པའི་མཉམ་ལས་ཁང16། གཞི་རིམ་མཉམ་ལས་ཁང11སྒོ་བྱང་བཀལ་ནས་བཙུགས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།