བོད་ལྗོངས་ཡོངས་ཀྱི་གཞི་རིམ་སྲིད་གྲོས་ལས་བྱེད་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས28ཉིན་ལྗོངས་ཡོངས་ཀྱི་གཞི་རིམ་སྲིད་གྲོས་ལས་བྱེད་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭའི་འགོ་ཚུགས་མཛད་སྒོ་ལྷ་སར་གཉེར་བ་རེད། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་གིས་འགོ་ཚུགས་མཛད་སྒོར་ཕེབས་ནས་གསུང་བཤད་གནང་བ་རེད།

འགོ་ཚུགས་མཛད་སྒོའི་ཐོག ད་ཐེངས་ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ནི་ལྗོངས་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་བགྲོ་གླེང་གི་བྱེད་སྒོ་མུ་མཐུད་སྤེལ་བ་དང་གཏིང་ཟབ་ཏུ་གཏོང་བ་ཞིག་ཡིན་ལ། དཔེ་བཟང་སྲིད་གྲོས་ལས་ཁུངས་གཏོད་པའི་དངོས་ཡོད་ཀྱི་བླང་བྱ་ཞིག་ཀྱང་རེད། རྒྱ་ཆེའི་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པས་ངེས་པར་དུ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད་དང་འཐབ་ཇུས་ཀྱི་ངེས་གནས་ཆེ་རུ་བཏང་ནས་མི་དམངས་སྲིད་གྲོས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་དང་འགན་འཁྲི་རང་རྟོགས་ངང་ཁུར་དགོས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། ཏང་གིས་སྲོད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། རང་རྟོགས་ངང་སྤྱི་ཡོངས་ལ་བསམ་བློ་གཏོང་བ་དང་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་ཇུས་འགོད་བྱེད་པ། རྒྱུན་ཆད་མེད་པར་ནུས་པ་ཆེ་རུ་དང་བྱང་ཚད་མཐོ་རུ་གཏོང་བ། རང་འགན་གཙང་སྒྲུབ་དང་འགན་འཁྲི་ཁུར་བ་དང་། བྱས་རྗེས་འཇོག་པའི་ཁྲོད་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ཏེ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྒྲིལ་བཅས་བྱས་ཏེ། བོད་ཀྱི་སྲིད་གྲོས་ལས་དོན་རྒྱུན་ཆད་མེད་པར་གསར་གཏོད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།