གཞིས་རྩེ་གྲོང་ཁྱེར་གྱིས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་དབུལ་གྲོལ་ཡོང་བར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་ནང་།  གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གིས་ཐོན་ཁུངས་ལེགས་ཆར་བརྟེན་ཏེ་ཕྱོགས་ཡོངས་ནས་ཇོ་རིའི་སྐལ་བཟང་མེ་ཏོག་པད་ཁའི་སྤུས་རྟགས་ཀྱི་དབུལ་སྐྱོར་ཐོན་ལས་རྣམ་གྲངས་གོང་འཕེལ་བཏང་སྟེ།  དབུལ་གྲོལ་འགག་སྒྲོལ་ལ་རྒྱུན་མི་ཆད་པའི་སྒུལ་ཤུགས་བསྣན་ཡོད་པ་དང་།  ད་བར་མུའུ་ཁྲིའི་པད་ཁ་ཐོན་སྐྱེད་ལས་སྣོན་རྟེན་གཞི་བརྒྱུད་ལོ་རེར་ཁེ་སྤོགས་སྒོར་ཁྲི་ཚོ500ཡས་མས་ཡོང་གི་ཡོད་པ་དང་ལས་ཞུགས་ལས་གནས30མཁོ་འདོན་ཐུབ་ཡོད་པས།  ལོ་རེར་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང4.གྱི་མང་ཚོགས144ལ་ཁེ་བཟང་སྒོར་ཁྲི་ཚོ43ལྷག་ཙམ་བགོ་འགྲེམ་ཐུབ་ཡོད་པ་རེད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།