གཞིས་ཀ་རྩེ་གྲོང་ཁྱེར་གྱིས་བྱེད་ཐབས་མང་པོ་སྤྱད་དེ་ངལ་རྩོལ་བའི་ལས་ཞུགས་ནུས་ཤུགས་ཇེ་མཐོར་བཏང་།

1595984725287387.jpg

འདི་ནི་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་ཚོང་འདུས་གྲོང་ཚོའི་མང་ཚོགས་རྣམས་ཀྱིས་སྔོ་ཚལ་འདེབས་འཛུགས་ལག་རྩལ་ཐད་ཀྱི་ཡུལ་དངོས་ཀྱི་གསོ་སྦྱོང་སྤེལ་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་རིང་ལ། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་བྱེད་ཐབས་མང་པོ་སྤྱད་དེ་ལས་རིགས་ནུས་རྩལ་མཐོར་འདེགས་བྱ་འགུལ་སྤེལ་ནས། ཕྱོགས་ཡོངས་ནས་ངལ་རྩོལ་བའི་ལས་ཞུགས་ནུས་ཤུགས་ཇེ་མཐོར་བཏང་། ད་ལོའི་ལོ་སྟོད་དུ། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་དངོས་སྤྱོད་ལག་རྩལ་གསོ་སྦྱོང་ཐེངས213སྤེལ་བ་དང་། བསྡོམས་པས་མི7582ལ་གསོ་སྦྱོང་བྱས། གསོ་སྦྱོང་བྱས་པ་བརྒྱུད་ལས་ཞུགས་བྱེད་ཚད90.82%ལ་སླེབས། “བྱ་བའི་གསོ་སྦྱོང་གི་ཚབ་བྱེད་པའི”གསོ་སྦྱོང་ཐེངས61སྤེལ་ཏེ་མི3565ལ་གསོ་སྦྱོང་བྱས། “མངགས་ཐོ་གནས་ཁེལ”གྱི་གསོ་སྦྱོང་ཐེངས42ལ་སྤེལ་ཏེ་བསྡོམས་པས་མི1836ལ་གསོ་སྦྱོང་བྱས།མཐོ་སློབ་མཐར་ཕྱིན་སློབ་མའི་ཇོ་རིའི་ལས་རིགས་དམིགས་བསལ་སྦྱོང་བརྡར་ཐེངས1སྤེལ་ཏེ་མཐོ་སློབ་མཐར་ཕྱིན་སློབ་མ112གསོ་སྦྱོང་ཁྲོད་ཞུགས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།