ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་བོད་ལྗོངས་ཚོང་དོན་ཐིན་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ1པོ་ནས་ཟླ6པའི་བར་བོད་ལྗོངས་ཀྱི་གློག་རྡལ་ཚོང་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས། དྲ་རྒྱའི་སིལ་ཚོང་གྲངས་འབོར་སྒོར་དུང་ཕྱུར24.59མངོན་འགྱུར་བྱས་ཏེ་དུས་མཉམ་ལས19.72%འཕར་བ་དང་། རྒྱལ་ཡོངས་ཀྱི་ཨང་བཞི་བར་སླེབས་ཡོད་དེ། འཕར་ཚད་རྒྱལ་ཡོངས་དང་བསྡུར་ན་བརྒྱ་ཆའི་ཆ11.98མཐོ་ཡོད།
སྒྲིག་གཞི་ཕྱོགས་ནས་བལྟས་ན། ད་ལོའི་ལོ་སྟོད་དུ། བོད་ལྗོངས་ཀྱི་དངོས་རྫས་རྣམ་པའི་དྲ་རྒྱའི་སིལ་ཚོང་གྲངས་འབོར་སྒོར་དུང་ཕྱུར18.87ཟིན་པ་དེ་དུས་མཚུངས་ལས33.24%འཕར་ཡོད། ཞབས་ཞུ་རྣམ་པའི་དྲ་རྒྱའི་སིལ་ཚོང་གྲངས་འབོར་སྒོར་དུང་ཕྱུར5.73ཟིན་པ་དང་དུས་མཚུངས་ལས10.28%ཆག་ཡོད། ས་ཁོངས་ཕྱོགས་ནས་བལྟས་ན། གཞིས་རྩེ་གྲོང་ཁྱེར་དང་ནག་ཆུ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ཀྱི་སིལ་ཚོང་གློག་རྡུལ་ཚོང་དོན་འཕེལ་རྒྱས་མགྱོགས་མྱུར་བྱུང་ཡོད། ལས་རིགས་ཕྱོགས་ནས་བལྟས་ན། ཟས་རིགས་བདེ་སྲུང་དང་། གྱོན་གོས་ལྷམ་ཁུག་མ། ཁྱིམ་སྤྱོད་མཁོ་ཆས་བཅས་ལོ་སྟོད་ཀྱི་དངོས་ཟོག་དྲ་ཐོག་ནས་ཕྱིར་ཚོང་བྱེད་པའི་གཙོ་རྒྱུན་དུ་གྱུར་ཡོད། དྲ་ཐོག་ཡུལ་སྐོར་དང་། དྲ་ཐོག་བཟའ་བཏུང་། འཚོ་བའི་ཞབས་ཞུ་སོགས་དྲ་ཐོག་ཞབས་ཞུའི་དགོས་མཁོ་ཇེ་ཆེ་རུ་སོང་ཡོད་ཅིང་། དེའི་ནང་དྲ་ཐོག་བཟའ་བཏུང་སྒོར་དུང་ཕྱུར1.62མངོན་འགྱུར་བྱུང་ནས་ཞབས་ཞུ་རྣམ་པའི་དྲ་རྒྱའི་སིལ་ཚོང་བསྡོམས་འབོར་ཁྲོད28.34%ཟིན་ཡོད། ཞབས་ཞུ་ཅན་གྱི་དྲ་རྒྱའི་སིལ་འཚོང་གྲངས་འབོར་གྱི་བྱས་རྗེས་སྔར་ལས་ཇེ་ཆེར་སོང་ཡོད།
ད་ལོའི་ཟླ6པའི་ཟླ་མཇུག་བར་ལྗོངས་ཡོངས་སུ་དྲ་ཐོག་ཚོང་བ་བསྡོམས་པས32070ཡོད་པ་དང་མི་གྲངས་ཁྲི12.87ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས། སྤྱི་ཚོགས་འབྲེལ་བའི་དྲ་ཐོག་ཚོང་དོན་དང་ཐད་གཏོང་ཚོང་ཟོག་བཙོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ས་གནས་དེའི་ཞིང་ལས་ཐོན་རྫས་ཀྱི་ཚོང་ལམ་གཏོད་རོགས་བྱས་པ་དང་། ལྗོངས་ཡོངས་ཀྱི་ཞིང་ལས་ཐོན་རྫས་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར4.82མངོན་འགྱུར་བྱས་ཏེ་དུས་མཉམ་ལས39.01%འཕར་ཡོད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ད་ལོའི་ཟླ1པོ་ནས་ཟླ6པའི་བར་བོད་ལྗོངས་ཀྱི་དྲ་རྒྱའི་སིལ་ཚོང་གྲངས་འབོར་སྒོར་དུང་ཕྱུར24.59མངོན་འགྱུར་བྱས་ཏེ་དུས་མཉམ་ལས19.72%འཕར།