བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་རོང་འབྲོག་པ5700ལྷག་གིས་གསོ་སྦྱོང་བརྒྱུད་དེ་བདེ་བླག་ངང་ལས་ཞུགས་བྱས།

1595831377437236.jpg

ཟླ7པའི་ཚེས26ཉིན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སུ་སློབ་མ་རྣམས་ཀྱིས་ལས་ཞུགས་ལས་སྐྲུན་གསོ་སྦྱོང་ལྟེ་གནས་སུ་གཡོས་སྦྱོར་སློབ་སྦྱོང་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་བཀྲ་ཤིས་མགོན་པོ་ཡིས་ཚེས26ཉིན་བཤད་རྒྱུར། 2018ལོ་ནས་ད་ལྟའི་བར། ཁ་རུབ་ཆུས་ཀྱིས་ལས་ཞུགས་ལས་སྐྲུན་ཐད་ཀྱི་གསོ་སྦྱོང་ཐེངས112རྩ་འཛུགས་བྱས་ནས། རོང་འབྲོག་པ7900ལྷག་དང་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚངསོགས་ལ་ལག་རྩལ་སྦྱང་དུ་བཅུག དེའི་ཁྲོད་རོང་འབྲོག་པ5700ལྷག་གིས་གསོ་སྦྱོང་བརྒྱུད་དེ་བདེ་བླག་ངང་ལས་ཞུགས་བྱས་ཡོད་ཟེར།

1595831386754807.jpg

ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ལས་ཞུགས་ལས་སྐྲུན་གསོ་སྦྱོང་ལྟེ་གནས་སུ་སློབ་མ་རྣམས་ཀྱིས་མེ་གསོད་ལག་རྩལ་གསོ་སྦྱོང་བྱེད་བཞིན་པ།

གསར་འགོད་པས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ལས་ཞུགས་ལས་སྐྲུན་གསོ་སྦྱོང་ལྟེ་གནས་སུ་སློབ་མ་རྣམས་ཚན་ཆུང་འགའ་ཞིག་བགོས་ཏེ། སོ་སོ་ནས་གཡོས་སྦྱོར་དང་། མགྲོན་ཁང་ཞབས་ཞུ། རླངས་འཁོར་ཞིག་གསོ། འཚེམ་བཟོ་ལག་རྩལ་སོགས་ཀྱི་འབྲེལ་ཡོད་ལག་རྩལ་སྦྱངས་བཞིན་པ་མཐོང་།

1595831395196751.jpg

གསོ་སྦྱོང་ལྟེ་གནས་ཀྱི་སློབ་གཞི་རྣམས་ནི་སྲིད་གཞུང་གིས་ཉོ་སྒྲུབ་བྱས་པ་ཡིན་ཞིང་སློབ་མ་རྣམས་ཀྱིས་རིན་མེད་ངང་བཀོལ་སྤྱོད་བྱེད་བཞིན་ཡོད།

ཐང་གའི་རི་མོ་བ་ཉི་མ་ལྷུན་གྲུབ་ཀྱིས་སློབ་མ་ཚོར་ཐིག་སྐུད་ཁྲིད་བཞིན་འདུག ཁོང་གིས་གསོ་སྦྱོང་ལྟེ་གནས་སུ་ཐང་གའི་སློབ་མ13ཡོད་པ་དང་། སྐོར་ཞིག་ནི་མཐོ་རིམ་སློབ་འབྲིང་གི་མཐར་ཕྱིན་སློབ་མ་དང་དམའ་རིམ་སློབ་འབྲིང་གི་མཐར་ཕྱིན་སློབ་མ་ཡིན་ལ། རོང་འབྲོག་པ་ཡང་ཡོད་ཟེར།

1595831404881179.jpg

གསོ་སྦྱོང་ལྟེ་གནས་སུ་སློབ་མ་རྣམས་ཀྱིས་ཐང་ག་འབྲི་བཞིན་པ།

“ཐང་ག་དེ་ལག་རྩལ་གཞན་དང་མི་འདྲ་བར་སློབ་སྦྱོང་གི་དུས་ཡུན་ཅུང་རིང་བས་རིག་གནས་ཀྱི་རྨང་གཞི་ངེས་ཅན་ཞིག་ལྡན་དགོས། ཞེས་བཤད། སློབ་མས་བྲིས་པའི་ཐང་ག་གཅིག་ལ་རིན་གོང་སྒོར3000ནས་6000བར་ཡིན་པ་དང་སྦྱངས་ནས་ལེགས་འགྲུབ་བྱུང་རྗེས་སྤྱིར་བཏང་དུ་སྒོར་ཁྲི་ལ་སླེབས་ཡོད། མིག་སྔར་ཐང་ཀ་འཛིན་གྲྭ་དེར་མགྲོན་ཁང་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སྐོར་ཞིག་གི་མངགས་ཐོ་འབྱོར་ཡོད།

1595831415631131.jpg

མགྲོན་ཁང་ཞབས་ཞུའི་སློབ་མ་རྣམས་ཀྱིས་ཞབས་ཞུའི་ལག་རྩལ་སྦྱངས་བཞིན་པ།

བཀྲ་ཤིས་མགོན་པོས་བཤད་རྒྱུར། ལས་ཞུགས་ལས་སྐྲུན་གསོ་སྦྱོང་ལྟེ་གནས་ནི2018ལོའི་ཟླ4བར་ལས་གཉེར་བྱེད་འགོ་བརྩམས་ཤིང་། མིག་སྔར་བར་དུ་གསོ་སྦྱོང་ཐེངས31སྤེལ་ཞིང་། རོང་འབྲོག་པ1700བདེ་བླག་ངང་ལས་ཞུགས་བྱས་ཡོད། གསོ་སྦྱོང་ལྟེ་གནས་སུ་སློབ་སྦྱོང་བྱེད་སྐབས། ཟས་སྡོད་ཚང་མ་རིན་མེད་ཡིན་ལ། སློབ་གཞི་སོགས་ནི་སྲིད་གཞུང་གིས་གཅིག་གྱུར་སྒོས་ཉོ་སྒྲུབ་བྱས་ནས་སློབ་མ་རྣམས་ལ་རིན་མེད་ངང་བཀོལ་སྤྱོད་བྱེད་དུ་བཅུག་པ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།