ཆབ་མདོ་གྲོང་ཁྱེར་གྱི་གྲོང་གསེབ་དར་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་ལ་ཕན་འབྲས་གསར་བ་ཐོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཆབ་མདོ་གྲོང་ཁྱེར་གྱིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ་ཕན་ཡོད་ཀྱི་ཐབས་ལམ་མང་པོ་འཚོལ་ཞིབ་བྱས་པར་བརྟེན། ཕན་འབྲས་གསར་པ་རབ་དང་རིམ་པ་ཐོན་པ་དང་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ལ་གོམ་པ་བརྟན་པོ་ཞིག་སྤོས་ཡོད།

ཆབ་མདོ་གྲོང་ཁྱེར་གྱིས“འདེབས་འཛུགས་ལས་རིགས་ཆེ་གྲས་བདུན”དང“གསོ་ཚགས་ལས་རིགས་ཆེ་གྲས་ལྔ”གོང་འཕེལ་ཤུགས་ཆེན་བཏང་ནས་གྲོང་གསེབ་ཀྱི་ཐོན་ལས་ཁག་གཅིག་ལག་བསྟར་བྱས་པ་དང་། ཞིང་འབྲོག་པའི་མཉམ་ལས་རྩ་འཛུགས་དང་སྣེ་འདྲེན་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་གྱིས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་ཕན་པའི་ཁེ་ཕན་མཉམ་སྦྲེལ་ལམ་སྲོལ་བཙུགས་པ་མ་ཟད། དེང་རབས་ཞིང་འབྲོག་ལས་ཀྱི་ཐོན་ལས་མ་ལག་དང་། ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་བཅས་འཛུགས་སྐྱོང་ཧུར་ཐག་བྱས་པས། ཡུལ་དེ་གའི་ཞིང་འབྲོག་ཁུལ་གྱི་ཐོན་ལས་གོང་འཕེལ་མྱུར་པོ་ཡོང་བར་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད། 2019ལོར་ཆབ་མདོ་གྲོང་ཁྱེར་གྱི་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་དུས་མཚུངས་ལས13%འཕར་བ་དང་། གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཡུལ་མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར11545ཟིན་ནས་མང་ཚོགས་ཀྱི་འཚོ་བ་སྔར་བས་འབྱོར་ཕྱུག་ལྡན་པར་གྱུར་ཡོད།

སྣོད་བཅུད་སྡོད་མལ་གྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་ཆེད། ཆབ་མདོ་གྲོང་ཁྱེར་གྱིས“བཅོས་སྒྲིག་གསུམ་དང་མཐོར་གཏོང་གསུམ”དང་ཞིང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་གཙང་བཟོའི་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་། ཡུལ་དེ་གའི་མང་ཚོགས་སྒྲིག་འཛུགས་ཧུར་ཐག་བྱས་ནས་གྲོང་སྡེར་གཙང་སྦྲ་བྱས་ཁར“གསང་སྤྱོད་གསར་བརྗེ”ལ་སྐུལ་འདེད་ཤུགས་ཆེན་བཏང་བར་རིམ་རྩིས་བྱས་ན་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་ཏུན1754.06དང་འགྱིག་ཤོག་གད་སྙིགས་ཏུན468.04གཙང་སེལ་བྱས་པ་དང་། ཆུ་ཡུར་དང་མཚོ་མཚེའུ་སྤྱི་ལེ1774.28དང་། སྒོ་ཕྱུགས་ཀྱི་ལྕི་བ་དང་བྱ་བྲུན་ཏུན663.2 འཕྲོད་བསྟེན་གྱི་ཁུག་ཆ་ཁག་1939བཅས་གཙང་བཟོ་བྱས་ཤིང་། གསང་སྤྱོད25135སྒྱུར་བཀོད་བྱས་ཁར་གྲོང་གསེབ་ཀྱི་འཚོ་བའི་གད་སྙིཌ་དབོར་འདྲེན་འཁོར་རིགས1194བཀོད་སྒྲིག་དང་གྲོང་ཚོའི་གཙང་སྦྲ་བ9805བཀོད་སྒྲིག་ཀྱང་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།