གཞིས་རྩེ་གྲོང་ཁྱེར་དུ་བཅའ་ཁྲིམས་བློ་འདྲི་བ་གྲོང་ཚོ(གྲོང་ལྷན)ཡོངས་ལ་ཁྱབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2018ལོའི“གྲོང་ཚོ་(གྲོང་ལྷན)རེར་བཅའ་ཁྲིམས་བློ་འདྲི་བ་རེ”ཡི་ལས་དོན་སྤེལ་ཚུན། གཞིས་རྩེ་གྲོང་ཁྱེར་གྱི་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་ཐབས་མང་མཉམ་སྤྱོད་ཀྱི་སྒོ་ནས་གྲོང་ཚོ(གྲོང་ལྷན)བཅའ་ཁྲིམས་བློ་འདྲིའི་ལས་དོན་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་བ་མ་ཟད། གྲོང་ཚོ(གྲོང་ལྷན)བཅའ་ཁྲིམས་བློ་འདྲིའི་ཚོགས་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བས་གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)ལ་བཅའ་ཁྲིམས་བློ་འདྲི་ཡོངས་སུ་ཁྱབ་ཡོད་པ་རེད།

ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་བཅའ་ཁྲིམས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཤིང་། ས་གནས་དེ་གའི་ད་ཡོད་ཁྲིམས་རྩོད་པ(ཆེད་ལས་གཅིག་ལྕོགས)དང་བོད་སྐྱོར་ཁྲིམས་རྩོད་པའི་མི་གྲངས་གཞིར་བཟུང་། གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག ཀྲི་པུའུ་ཧྲུའུ་ཅི་དང་པོ་སོགས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གཞིས་རྩེ་གྲོང་ཁྱེར་གྱིས་བཅའ་ཁྲིམས་བློ་འདྲིའི་ཚོགས་པ་ཕྱོགས་ཡོངས་ནས་གནད་སྨིན་ངང་བཙུགས་པ་དང་། “1+N”(ཁྲིམས་རྩོད་པ+གྲོང་ཚོ་དང་གྲོང་ལྷན“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་། གྲོང་སྡོད་ལས་དོན་རུ་ཁག ཀྲི་པུའི་ཧྲུའུ་ཅི་དང་པོ)ཡི་བྱེད་ཐབས་ལ་སྐུལ་འདེད་བཏང་ནས། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)18ཀྱི་གྲོང་ཚོ(གྲོང་ལྷན)1684ལ་བཅའ་ཁྲིམས་བློ་འདྲི་བ་3044དང་། རྫོང་རིམ་པའི་འབྲེལ་གཏུག་པ་18 ཤང་(གྲོང་རྡལ)རིམ་པའི་འབྲེལ་གཏུག་པ་252བཅས་ལེགས་སྒྲིག་བྱས་ཡོད།

ལས་ཀའི་འགན་ནུས་ལ་དམ་པོར་དམིགས་ནས་བཅའ་ཁྲིམས་ཀྱི་ཞབས་ཞུ་ཡག་པོ་བསྒྲུབས་ཤིང་། གྲོང་ཚོའི་(གྲོང་ལྷན)བཅའ་ཁྲིམས་བློ་འདྲིའི་ལས་དོན་ལག་བསྟར་བྱས་ཚུན། གཞིས་རྩེ་གྲོང་ཁྱེར་གྱི་རྒྱ་ཆེའི་གྲོང་ཚོ(གྲོང་ལྷན)བཅའ་ཁྲིམས་བློ་འདྲི་བས་ཁྲིམས་སྐྱོང་གི“དྲིལ་བསྒྲགས་པ”དང་། བཅའ་ཁྲིམས་ཀྱི“བློ་འདྲི་བ” སྲིད་ཇུས་ཀྱི“མཛུབ་ཁྲིད་པ” མང་ཚོགས་ཀྱི“འདུམ་འགྲིག་པ”བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མང་ཚོཌ་ཀྱིས་བཅའ་ཁྲིམས་ཀྱི་ཞབས་ཞུ་སྤུས་ལེགས་ལོངས་སྤྱོད་ཐུབ་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།