བོད་ལྗོངས་ཀྱི་ས་ཕྱོགས་ཁག་ཏུ་གཅིག་རྗེས་གཉིས་མཐུད་ངང་འོང་སྐོར་གཏོང་འགོ་ཚུགས།

W020200722590414178123.jpg

W020200722590414079253.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ7པའི་ཚེས20ཉིན།  ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་རྟ་དཀར་ཤང་རྟ་དཀར་གྲོང་ཚོའི་གྲོང་མི་རྣམས་མཉམ་འཛོམས་ངང་ལོ་གཅིག་དུས་གཅིག་གི་འོང་སྐོར་གཏོང་འགོ་ཚུགས་ཡོད་པ་དང་།  གྲོང་མི་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་ཞིང་ཁར་སྐོར་བ་བརྒྱབ་ནས་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་འཕེལ་བའི་སྨོན་འདུན་བཟང་པོ་ཞུས་ཡོད།  འོང་སྐོར་ལ་ད་བར་ལོ་ངོ1500ལྷག་གི་ལོ་རྒྱུས་ལྡན་ཞིང་།  བོད་སྐད་དུ་འོང་ནི་ཞིང་ཁ་དང་སྐོར་ནི་ཞིང་ཁར་བསྐོར་བ་རྒྱག་པར་ཟེར་གྱི་ཡོད་པ་དང་།  འོང་སྐོར་ནི་ཞིང་ཁར་བསྐོར་བ་བརྒྱབ་ནས་གླུ་ལེན་གར་འཁྲབ་ངང་ལོ་ལེགས་ཡོང་རྒྱུར་སྨོན་འདུ་ཞུ་བ་ཞིག་ཡིན།  བོད་ལྗོངས་ལྷ་ས་དང་།  གཞིས་རྩེ།  ལྷ་ཁ་སོགས་སུ་འོང་སྐོར་གཏོང་བའི་དར་ཁྱབ་ཆེན་པོ་ཡོད།  །


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།