བོད་ལྗོངས་ཀྱིས་ད་ལོའི་ལོ་སྟོད་དུ་གནས་སྐོར་བ་མི་ཐེངས་ཁྲི833སྣེ་ལེན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་ལོ་སྟོད་དུ། བོད་ལྗོངས་ཀྱིས་བསྡོམས་པས་གནས་སྐོར་བ་མི་ཐེངས་ཁྲི833སྣེ་ལེན་བྱས་ཏེ། རྒྱལ་ཡོངས་ཀྱི་གནས་སྐོར་ཚོང་ར་སླར་གསོ་བྱེད་ཚད་ཁྲོད་ཨང་དང་པོ་ཟིན་ཡོད། ལྷག་པར་ཏུ་ཟླ5བ་དང་ཟླ6པའི་རིང་ལ། བོད་ལྗོངས་ཀྱི་གནས་སྐོར་ཐོག་མར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་འཕར་སྣོན་བྱུང་བ་མངོན་འགྱུར་བྱས་ཏེ། དུས་མཉམ་ལས་སོ་སོར27.04%དང36.86%འཕར་ཡོད།

   ད་ལོའི་ལོ་སྟོད་དུ། རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་གཏན་ཅན་དུ་འགྱུར་རྒྱུར་དམ་འཛིན་ནན་པོ་བྱེད་པའི་གནས་ཚུལ་འོག་བོད་ལྗོངས་ཀྱི་རིམ་པ་སོ་སོའི་ཡུལ་སྐོར་སྡེ་ཚན་གྱིས“ཚད་བཀག་དང་ཡང་རྩེ་ལས་གཡོལ་བ”བཅས་ཀྱི་བླང་བྱ་ལྟར། དུས་བབ་དང་བསྟུན་ནས་རིམས་ནད་རྒྱུན་ལྡན་ཅན་དུ་འགྱུར་བའི་སྔོན་འགོག་ཚོད་འཛིན་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་བཏང་། རང་བྱུང་མཛེས་ལྗོངས་རིགས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྒོ་འབྱེད་རྒྱུན་ཆད་མེད་པར་ཚད་ལྡན་དང་ཡག་པོར་སྒྲུབ། ཟླ3པ་ནས་བཟུང་རང་བྱུང་རིགས་ཀྱི་མཛེས་ལྗོངས་ཁུལ300ལྷག་གོ་རིམ་ལྡན་པའི་ངང་སྒོ་ཕྱེ་ཡོད། དེ་དང་ཆབས་ཅིག“བོད་མིས་བོད་ལྗོངས་སུ་ཡུལ་སྐོར་བྱེད་པའི”བྱ་འགུལ་ཤུགས་ཆེན་པོས་སྤེལ་བ་རེད། གཞན་ཡང་། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིན་གྱིས་ཟླ3པར་རང་སྐྱོང་ལྗོངས་རིམ་པའི་ལུས་གསོ་ཡུལ་སྐོར་དང་ལྗང་མདོག་ཡུལ་སྐོར་དཔེ་སྟོན་རྟེན་གཞིའི་རེ་ཞུ་དང་དཔྱད་བསྡུར་གཏན་འབེབས་ལས་དོན་སྤེལ་འགོ་ཚུགས་པ་རེད། སྐོར་དང་པོའི་ཚོད་ལྟ་དེས་ལྷ་ས་གྲོང་ཁྱེར་གྱི་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་གྱི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ཁུལ་འཛུགས་སྐྲུན་ལྟེ་གནས་ཀྱི་ལས་འགན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ། དཔེ་སྟོན་རྟེན་གཞི་སྐྲུན་རྒྱུ་གོ་སྐབས་སུ་བྱས་ནས་བོད་ལུགས་གསོ་རིག་གི་སྨན་ལུམས་དང་། ཆུ་ཚན་གྱི་ལུས་གསོ་བ། སྤྲོ་གསེང་ངལ་གསོ། ལྗང་མདོག་སྐྱེ་ཁམས་སོགས་ཁྱད་ལྡན་ལས་རིགས་འཕེལ་རྒྱས་ཆེན་པོ་བཏང་།

བོད་ལྗོངས་གནས་སྐོར་འཕེལ་རྒྱས་ཐིན་གྱི་ཐིན་ཀྲང་ཝང་སུང་ཕིན་གྱིས་བཤད་རྒྱུར། རིམས་ནད་ཀྱིས་གནས་སྐོར་ལས་རིགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ནའང་། ལོ་སྨད་དུ་ང་ཚོས་ཐོན་རྫས་གསར་བ་སྐྱེད་སྲིང་དང་། བོད་ལྗོངས་ཀྱི་མི་བོད་ལྗོངས་སུ་གནས་སྐོར་བྱེད་པའི་བྱ་འགུལ་བཅས་ལ་སྐུལ་འདེད་བཏང་སྟེ། དྲ་ཐོག་གི་ཁྱབ་གདལ་ལ་ཤུགས་སྣོན་བྱས་པ་བརྒྱུད། བོད་ལྗོངས་ཀྱི་གནས་སྐོར་ལས་རིགས་ཕྱོགས་ཡོངས་ནས་སླར་གསོ་བྱུང་བ་མངོན་འགྱུར་བྱ་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།