ཉིང་ཁྲི་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གནད་དོན་དག་ཐེར་ལ་དམ་འཛིན་ནན་པོ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ་ལོ་ནས་བཟུང་ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས“དམ་པོར་དམིགས་པ་གསུམ”མཐའ་འཁྱོངས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གནད་དོན་དག་ཐེར་ལ་དམ་འཛིན་ནན་པོ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ་རེད།

རིམ་པ་ཁག་གིས་སྐོར་གཟིགས་སྐོར་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་གནད་དོན་ལ་དམིགས་ནས་ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ《ཉིང་ཁྲི་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལྟ་སྐུལ་ཞིབ་བཤེར་ཇུས་གཞི》བཟོས་པ་རེད། ཟླ་4ཚེས་7ནས་ཟླ་4ཚེས་22ཉིན་བར་ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་སྣེ་ཁྲིད་དེ་འབྲེལ་ཡོད་འགན་ནུས་སྡེ་ཚན་སྒྲིག་འཛུགས་བྱས་ནས་ལས་དོན་ཚོགས་ཆུང་3བཙུགས་ཏེ་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་དག་ཐེར་དང“ཕྱིར་མིག་ལྟ་བ”དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་ཚུར་ལན་དང་། ཉིང་ཁྲི་གྲོང་ཨུད་སྐོར་ཞིབ་ཚུར་ལན་དང་གསེད་བཀྲོལ་བྱས་པའི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་གནད་དོན་151དང་དབུལ་སྒྲོལ་འགག་སྒྲོལ་ལས་ཀའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ཚུལ་ལ་དམ་པོར་དམིགས་ཏེ་གྲོང་ཁྱེར་གྱི་རྫོང(ཆུས)ཐད་གཏོགས་ཚན་པ་66དང་། ཤང(གྲོང་རྡལ)37 གྲོང་ཚོ(གྲོང་ལྷན)70བཅས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་བསྐྱོད་ནས་ཕྱོགས་སྡོམ་གསེད་བཀྲོལ་བྱས་པ་བརྒྱུད་གནད་དོན55ཞིབ་བཤེར་ཐུབ་ཡོད། གནད་དོན་དག་ཐེར་དང་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་ཆེད། གྲོང་ཁྱེར་སྒྲིག་ཨུད་ཀྱིས་དུས་ཐོག་ཏུ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་ལྟ་སྐུལ་ཞིབ་བཤེར་ཚོཌ་ཆུང་གསུམ་གྱི་ལས་ཀའི་སྙན་སེང་ཆེད་དུ་ཉན་པ་དང་། ཞིབ་འཇུག་དབྱེ་ཞིབ་གཏིང་ཟབ་བྱས་ནས་ཞིབ་ཕྲའི་དག་ཐེར་དོན་འཁྱོལ་དང་ཐག་གཅོད་བསམ་འཆར་བཏོན་པ་མ་ཟད། གནད་དོན་དག་ཐེར་དུས་ཐོག་ཏུ་རྫོང(ཆུས)ཨུད་དང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་གྲོང་ཁྱེར་ཐད་གཏོགས་འགན་ནུས་ཚན་པའི་ཏང་ཨུད(ཏང་ཙུའུ)ལ་ཚུར་ལན་བྱས་པ་དང་། ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་ལྟ་སྐུལ་ཞིབ་བཤེར་ཁང་གིས་འབྲེལ་ཡོད་ཚན་པར་དུས་བཀག་ནང་དག་ཐེར་རམ་ཡང་ན་གཅིག་སྡུད་ཐག་གཅོད་བྱ་རྒྱུའི་བཀའ་བཏང་སྟེ་དག་ཐེར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།

ཉིང་ཁྲི་གྲོང་ཁྱེར་དབུལ་སྒྲོལ་འགག་སྒྲོལ་གྱི“གྲལ་བཤེར་ཆེ་མོ”བྱེད་རིང་ཤེས་རྟོགས་བྱུང་བའི་མངོན་གསལ་དོད་པའི་གནད་དོན10ལ་དམིགས་ཏེ་ཟླ5བའི་ཚེས12ནས་ཟླ5བའི་ཚེས19ཉིན་བར་ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཨུད་ཧྲུའུ་ཅི་གཞོན་པ1གིས་སྤྱི་འདོམས་ཀྱི་འགན་ཁུར་ནས་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང2མངགས་ཏེ་རྫོང(ཆུས)6གི་ཤང་དང་གྲོང་་རྡལ10ཡི་གྲོང་ཚོ10ལ་བསྐྱོད་དེ་དཔྱད་གཞི་ལྟ་ཀློག་དང་། ས་གནས་ས་ཐོག་ཏུ་ལྟ་ཞིབ། མི་སྒེར་དང་གླེང་མོལ། གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ། མངོན་ཞིབ་ལྐོག་བཤེར་སོགས་ཀྱི་བྱེད་སྟངས་བརྒྱུད་གནད་དོན་ལ་དམིགས་ནས་ས་ཆ་དངོས་སུ་ལྟ་སྐུལ་ཞིབ་བཤེར་བྱས་པ་མ་ཟད་དག་ཐེར་ལ་སྐུལ་འདེད་ཀྱང་བཏང་ཞིང་། མིག་སྔར་སྐུལ་འདེད་དང་དག་ཐེར་གཏོང་དགོས་རིགས་ཚང་མ་ལེགས་གྲུབ་ཟིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།