བོད་ལྗོངས་ཀྱིས་ཆུ་ལོག་སྔོན་འགོག་དང་ནད་ཡམས་འགོག་ཟོན་ཐད་ཤུགས་སྣོན་བརྒྱབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། ལྗོངས་ཡོངས་ཀྱི་ཆུ་ལོག་སྔོན་འགོག་དང་ནད་ཡམས་འགོག་ཟོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་འཚོགས་པ་དང་།  གྲོང་ཁྱེར(ས་ཁུལ )དང་རྫོང(ཆུས)བཅས་སུ་ཡན་ལག་ཚོགས་ར་བཙུགས་ཡོད་ཅིང་།  ལྷ་ས་དང་ཉིང་ཁྲི་གྲོང་ཁྱེར་གཉིས་ཀྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཀྱིས་ཚོགས་འདུའི་ཐོག་གསུང་བཤད་གནང་སྐབས།  རིམ་ཁག་ཚན་པ་ཁག་ནས་ཉེ ན་ཁའི་མངོན་མེད་རྐྱེན་རྩར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  སྔོན་བརྡ་གནད་འཕིགས་གཏོང་བ།  འཕྲལ་སྡོམ་སྡོད་བྱ་བྱེད་ཤུགས་ཆེ་རུ་གཏོང་བ།  གཙོ་གནད་ས་གནས་སུ་འབྲུབ་ཆུའི་གནས་ཚུལ་ལ་སྐོར་བསྐྱོད་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ།  འབྲུབ་འགོག་གེགས་སེལ་མ་དངུལ་དོན་འཁྱོལ་ཡག་པོ་བྱེད་པ།  རིགས་ཁག་གི་འཕྲལ་སྡོམ་རོགས་སྐྱོབ་དངོས་ཟོག་གྲ་སྒྲིག་ཡག་པོ་བྱེད་པ་བཅས་བྱེད་དགོས་པ་དང་།  ཆེད་ལས་ཀྱི་རོགས་སྐྱོབ་སྟོབས་ཤུགས་ལ་གང་ལེགས་བརྟེན་པ་དང་།  བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེ་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས།  གློ་བུར་དུ་ཐོན་པའི་ཚབ་ཆེའི་གནོད་འཚེ་ཐག་གཅོད་ནུས་ལྡན་བྱེད་དགོས་པ།  ནད་ཡམས་ཕྱི་ཕྱོགས་ནས་མི་འགོས་པ་བྱེད་པའི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་།  བོད་དུ་ཡོང་བའི་འགག་སྒོ་ཡག་པོ་སྲུང་ཐོག་སྔ་ཙམ་ཤེས་རྟོགས་བྱེད་པ་དང་སྙན་ཞུ་འབུལ་བ།  ལོགས་བཀར་འཇོག་པ།  སྨན་བཅོས་བྱེད་པ་བཅས་ཀྱི་བླང་བྱ་དོན་འཁྱོལ་གནད་འཕིགས་བྱེད་པ་དང་།  ཏོག་གསར་གློ་ཚད་ནད་ཡམས་ཀྱི་ཉིང་སྐྱུར་བརྟག་དཔྱད་ནུས་པ་ཆེ་རུ་བཏང་ནས་བརྟག་དཔྱད་བྱེད་དགོས་རིགས་དང་བརྟག་དཔྱད་བྱེད་འདོད་ཡོད་མཁན་ཚང་མར་བརྟག་དཔྱད་བྱས་ཏེ།  མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོབ་ཡག་པོ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།