གཞིས་ཀ་རྩེ་རུ་གྲོང་ཚོའི་བཅའ་ཁྲིམས་བློ་འདྲི་བྱ་ཡུལ་ཕྱོགས་ཡོངས་ལ་ཁྱབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2018ལོར་གྲོང་ཚོ་རེར་བཅའ་ཁྲིམས་བློ་འདྲི་བྱ་ཡུལ་རེ་ཡོད་པ་བྱེད་པའི་ལས་དོན་སྤེལ་ཚུན།  གཞིས་རྩེ་གྲོང་ཁྱེར་ཁྲིམས་འཛིན་སྲིད་འཛིན་ཚན་པས་བྱ་ཐབས་སྣ་ཚོགས་བཟུང་ནས་གྲོང་ཚོའི་བཅའ་ཁྲིམས་བློ་འདྲིའི་ལས་དོན་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་བ་དང་།  གྲོང་ཚོའི་བཅའ་ཁྲིམས་བློ་འདྲིའི་དཔུང་ཁག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བས།  གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོའི་བཅའ་ཁྲིམས་བློ་འདྲི་བྱ་ཡུལ་ཕྱོགས་ཡོངས་ལ་ཁྱབ་ཡོད།

རྒྱུས་ལོན་པ་ལྟར་ན། གཞིས་རྩེ་གྲོང་ཁྱེར་གྱིས་རང་ས་ཆའི་ད་ཡོད་ཀྱི་ཁྲིམས་རྩོད་པ་དང་བོད་སྐྱོར་ཁྲིམས་རྩོད་པའི་མི་གྲངས་གཞིར་བཟུང་དོན་དངོས་དང་ཟུང་འབྲེལ་བྱས་ནས།  བཅའ་ཁྲིམས་བློ་འདྲིའི་དཔུང་ཁག་ཕྱོགས་ཡོངས་དང་གནད་འཕིགས་ངང་བཙུགས་ཏེ།  གྲོང་ཁྱེར་དེ་ཡོངས་ཀྱི་རྫོང(ཆུས)18ཀྱི་གྲོང་ཚོ1684ལ་བཅའ་ཁྲིམས་བློ་འདྲི་བྱ་ཡུལ3044དང་རྫོང་རིམ་པའི་འབྲེལ་གཏུག་པ18། ཤང་(གྲོང་རྡལ)རིམ་པའི་འབྲེལ་གཏུག་པ252བཅས་ལེགས་སྒྲིག་འཐུས་ཚང་བཟོས་པ་དང་ཆབས་ཅིག  གྲོང་ཚོའི་བཅའ་ཁྲིམས་བློ་འདྲིའི་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ།  བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ཧུར་ཐག་དང་བཅའ་ཁྲིམས་ཞབས་ཞུ་ཧུར་ཐག་སྤེལ་ནས།  ཁྲིམས་སྐྱོང་གཞིས་རྩེ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།  དེ་དང་ཆབས་ཅིག  གྲོང་ཚོའི་བཅའ་ཁྲིམས་བློ་འདྲིའི་ལས་དོན་སྤེལ་ཚུན།  གཞིས་རྩེ་གྲོང་ཁྱེར་གྱི་རྒྱ་ཆེའི་གྲོང་ཚོའི་བཅའ་ཁྲིམས་བློ་འདྲི་བྱ་ཡུལ་གྱིས་ཁྲིམས་སྐྱོང་དྲིལ་བསྒྲགས་པ་དང་བཅའ་ཁྲིམས་བློ་འདྲི་པ།  སྲིད་ཇུས་མཛུབ་ཁྲིད་པ།  མང་ཚོགས་ཀྱི་འདུམ་འགྲིག་པ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།  བཅའ་ཁྲིམས་བློ་འདྲི་དང་ཁྲིམས་སྐྱོང་དྲིལ་བསྒྲགས་སོགས་ཀྱི་ལས་དོན་སྤེལ་བས།  མང་ཚོགས་ཚོར་སྤུས་ལེགས་བཅའ་ཁྲིམས་ཞབས་ཞུ་ཡག་པོ་བསྒྲུབས་ཐུབ་པ་བྱུང་བ་མ་ཟད།  བཅའ་ཁྲིམས་ཤེས་བྱ་སློབ་སྦྱོང་བརྒྱུད་ཁྲིམས་སྐྱོང་འདུ་ཤེས་ཀྱང་ཟབ་ཏུ་ཕྱིན་ཡོད།

གཞན་ཡང༌།  ལས་དོན་སྤེལ་རིང༌གཞིས་རྩེ་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གིས་ལས་དོན་སྤེལ་སྟངས་གསར་གཏོད་བྱས་པ་དང༌།  རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྣ་མང་ཅན་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སོགས་ཀྱི་བཅའ་ཁྲིམས་ཞབས་ཞུ་སྤེལ་བས།  མང་ཚོགས་ཚོའི་བཅའ་ཁྲིམས་སྦྱོང་སྤྱོད་ཀྱི་ཧུར་སེམས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་ནུས་ལྡན་ཕྱིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།