བོད་ལྗོངས་ཀྱིས་བྱ་ཐབས35བཏོན་ཏེ་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱིས་ཉེ་ལམ་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་བྱ་ཐབས35བཏོན་ཏེ། སྔར་ལས་ལྷག་པར་སྲིད་དོན་ཞབས་ཞུ་ཆུ་ཚད་མཐོར་འདེགས་བཏང་བ་དང་། ཚོང་རའི་བྱེད་པོའི་འགན་འཁུར་ཇེ་ཡང་དུ་བཏང་ནས། སྒོ་འབྱེད་ཁོང་ཡངས་ཅན་གྱི་ཚོང་རའི་ཁོར་ཡུག་བསྐྲུན་རྒྱུ་རེད།

ཐེངས་འདིར་འགྲེམ་གཏོང་བྱས་པའི《བོད་ལྗོངས་ཀྱི2020ལོར་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་བྱ་བའི་ཇུས་གཞི》ནི་ཚོང་རའི་བྱེད་པོའི་རེ་སྒུག་དང་དགོས་མཁོ་ཁྲིད་ཕྱོགས་སུ་འཛིན་པ་དང་། “ལྷོད་སྡོམ་ཞབས་ཞུ་གསུམ”གྱི་བཅོས་བསྒྱུར་གཏིང་ཟབ་དུ་སྤེལ་བར་བརྟེན་ནས། ཚོང་ར་དང་ཁེ་ལས་ཀྱིས་བསམ་འཆར་ཆེན་པོ་བཏོན་པའི་ཆོག་འཐུས་སྒོ་ཐེམ་མཐོ་བ་དང་། དོན་དག་སྒྲུབ་ལུགས་མང་བ། བརྒྱུད་རིམ་རྙོག་འཛིང་ཆེ་བ། དུས་ཚོད་རིང་དྲགས་པ་སོགས་ཀྱི་གནད་དོན་མངོན་གསལ་ཅན་ལ་དམིགས་ཏེ། དམིགས་ཡུལ་ནི་ཚད་གཞི་མཐོ་བའི་སྒོ་ནས་ལས་སྒྲུབ་གོ་རིམ་སྟབས་བདེ་རུ་གཏོང་བ་དང་། སྙན་ཞུའི་ཡིག་ཆ་ཇེ་ཉུང་དུ་གཏོང་བ། ལས་སྒྲུབ་དུས་ཚོད་ཇེ་ཐུང་དུ་གཏོང་བ། གཉེར་སྐྱོང་མ་རྩ་ཇེ་དམའ་རུ་གཏོང་བ་བཅས་ཀྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་ནས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

སྲིད་དོན་སྟབས་བདེ་རུ་གཏོང་བ་དང་དབང་ཆ་གཤམ་སྤྲོད་ཕྱོགས་ནས་བོད་ལྗོངས་ཀྱིས་ཁེ་ལས་ཐོ་འགོད་ཀྱི་བརྒྱུད་རིམ་ཧྲིལ་བོ་གློག་རྡུལ་ཅན་གྱི་ཞབས་ཞུའི་སྟེགས་བུ་དང་གཞི་གཅིག་ཅན་གྱི་དྲ་ཐོག་སྲིད་དོན་ཞབས་ཞུའི་སྟེགས་བུ་གཏིང་ཟབ་ངང་ཧྲག་བསྡུ་བྱས་པ་དང་། སྲིད་འཛིན་ཞིབ་མཆན་འོས་སྦྱོར་ཞབས་ཞུའི་དངུལ་བསྡུ་ཚད་ལྡན་དུ་བཏང་ནས། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཞི་འཛིན་ས་མེད་པའི་འོས་སྦྱོར་ཞབས་ཞུ་མེད་པར་བཟོས།

ལྷོད་གཏོང་དང་དོ་དམ་ཟུང་འབྲེལ་བྱེད་པའི་ཕྱོགས་ནས་བོད་ལྗོངས་ཀྱིས་ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱ་གསལ་ཐོའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་དང་། གནས་ཐང་འཕར་ཁྲལ་བཅོས་བསྒྱུར་གཏིང་ཟབ་བྱེད་པའི་འབྲེལ་ཡོད་སྲིད་ཇུས་དངོས་འབེབས་བྱས་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་མ་རྩ་གཅོག་རྒྱུ་དང་། གཉེར་སྐྱོང་ཁྱབ་ཁོངས། དྲང་གཞག་འགྲན་རྩོད། བདག་དབང་སྲུང་སྐྱོང་། སྲིད་འཛིན་རིན་བསྡུ་སོགས་ཀྱི་ཐད་དམངས་གཉེར་ཁེ་ལས་ལ་དྲང་གཞག་མེད་པའི་སྲིད་གཞུང་གི་སྒྲིག་སྲོལ་དང་ཚད་ལྡན་ཡིག་ཆ་གཅིག་གྱུར་གྱིས་གཙང་བཤེར་བྱེད་པ། དམངས་གཉེར་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་སྒྲིག་སྲོལ་ལམ་ལུགས་འཐུས་ཚང་དུ་བཏང་།

ཞབས་ཞུ་ལེགས་བཅོས་ཕྱོགས་ནས་བོད་ལྗོངས་ཀྱིས“འཕྲིན་སྦྲེལ་དྲ་བ+སྲིད་དོན་ཞབས་ཞུའི”ཆུ་ཚད་ཇེ་མཐོར་བཏང་ནས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་རེར་འགུལ་ཚད་མཐོ་བའི་དོན་ཚན་100ཡོད་པའི“འགྲོ་ཐེངས་གཅིག་གིས་སྒྲུབ་ཐུབ་པར”འགན་སྲུང་བྱ་རྒྱུ་དང་། རྒྱལ་མཚམས་ལས་བརྒལ་བའི་ཉོ་ཚོང་དང་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་སྟབས་བདེའི་ཚད་ཇེམཐོར་བཏང་བ་དང་། ཁྲལ་བསྡུའི་ལས་དོན་ཐད“འགྲོ་ཐེངས་གཅིག་གིས་སྒྲུབ་ཐུབ་པར”ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། “ཐིན་གཅིག་ཀུན་གཉེར”དང“གོ་གནས་གཅིག་གི་བློ་འདྲི”བྱེད་སྒོ་ཇེ་ཟབ་ཏུ་བཏང་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།