ལྷ་སའི་སྟོད་ལུང་བདེ་ཆེན་ཆུས་ཀྱིས་དབུལ་སྐྱོར་ཐོན་རྫས་སྐུལ་སྤེལ་ཚོགས་འདུ་ཐེངས་དང་པོ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས15ཉིན་གྱི་སྔ་དྲོར་བརྗོད་དོན་ལ“གྲོང་ཚོའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ནས་འགྱུར་ལྡོག་གླེང་བ་དང་འབད་འབུངས་མདུན་སྐྱོད་ཀྱིས་ཏང་གི་བཀའ་དྲིན་ཚོར་བ”ཞེས་པའི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་དབུལ་སྐྱོར་ཐོན་རྫས་སྐུལ་སྤེག་ཚོགས་འདུ་སྐབས་དང་པོ་གདོང་དཀར་སྡེ་ཁུལ་སྡོད་དམངས་ཨ་ཡོན་ལྷན་ཁང་དུ་འཚོགས་པ་རེད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་དབུལ་སྐྱོར་ཐོན་རྫས་སྐུལ་སྤེལ་ཚོགས་འདུའི་ཐོག་བསྡོམས་པས་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཞིང་ལས་མཉམ་ལས་ཁང་དང་ཁེ་ལས40ཞུགས་ཡོད། དེའི་ཁྲོད“སྟོད་ལུང་གཡང་དར་ཀུན་འཕེལ་རྩམ་པ་ལས་སྣོན་མཉམ་ལས་ཁང”དང་། “སྟོད་ལུང་རི་མོ་སྨོན་ཐང་གའི་སྒྱུ་རྩལ་ཞིང་བའི་ཆེད་ལས་མཉམ་ལས་ཁང”། “བོད་ལྗོངས་ཡར་ཐང་ཐང་ཐང་གའི་སྒྱུ་རྩལ་ཚད་ཡོད་ཀུང་སི”སོགས་ཡོད་པ་རེད།

ཐེངས་འདིའི་བྱ་འགུལ་གྱི་འགན་འཁུར་བ་ཕན་ཞའི་རུའེ་ཡིས་བཤད་རྒྱུར། 2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལོ་ཡིན་ལ། དབུལ་ཐར་མཁྲེགས་གཏོར་བྱ་བའི་གནད་འགག་གི་ལོའང་ཡིན། ང་ཚོས་མ་དངུལ་སྒོར་ཁྲི50ལྷག་གི་འཛད་སྤྱོད་འཛིན་ཤོག་བཏང་སྟེ་ཐེངས་འདིའི་དབུལ་སྐྱོར་སྐུལ་སྤེལ་ཚོགས་འདུ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པས། དམིགས་ཡུལ་གཙོ་བོ་ནི་ཁེ་ལས་དང་མཉམ་ཁང་གི་ཐོན་རྫས་ཁྱབ་གདལ་དུ་བཏང་སྟེ། དབུལ་སྐྱོར་ཐོན་ལས་ལ་ཉོ་ཚོང་ཐབས་ལམ་རྒྱ་བསྐྱེད་རྒྱུ་དང་། མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱུང་བར་རོགས་སྐྱོར་བྱ་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།