བོད་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ཆབ་སྲིད་རེས་སྐོར་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས13ཉིན་གྱི་སྔ་དྲོར་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ཆབ་སྲིད་རེས་སྐོར་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་གསུང་བཤད་གནང་བ་རེད།

ཧོ་ཝུན་ཧའོ་ཡིས་ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་པ་འཛུགས་སྐྱོང་གི་ནང་དོན་ཟབ་མོ་ཁོང་དུ་ཡང་དག་ཆུད་པ་དང་། ལྷག་བསམ་ཟོལ་མེད་ཀྱི་ཆབ་སྲིད་ཀྱི་གཤིས་རྒྱུད་དར་སྤེལ་གཏོང་བ། སྤྱི་ཡོངས་སེམས་ལ་འཆང་བའི་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་མཐའ་འཁྱོངས། མ་ལག་ལྡན་ཞིང་ཏན་ཏིག་གི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུ་བའི་ཆབ་སྲིད་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ། ངར་ལྕགས་ལྟ་བུའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། འཇོན་ཐང་ཆེ་བའི་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་རང་མདངས་མཐའ་འཁྱོངས། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་པ་འཛུགས་སྐྱོང་བྱེད་པ་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱེད་དགོས། ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་པ་འཛུགས་སྐྱོང་བྱེད་པར་འཕྲད་པའི་དུས་བབ་ཀྱི་གནད་དོན་ལ་ངོས་འཛིན་གསལ་པོ་དང་། ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་པ་འཛུགས་སྐྱོང་བྱེད་ཐབས་ཟམ་མི་ཆད་པར་གསར་གཏོད། ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་པ་འཛུགས་སྐྱོང་བྱེད་པའི་ལས་ཀའི་འགན་འཁྲི་དོན་འཁྱོལ་གཏིང་ཟབ་བཅས་བྱས་ཏེ། འབྱུང་རྩ་ནས་དམ་འཛིན་དང་། རྒྱུན་དུ་དམ་འཛིན། འཐབ་ས་དང་པོར་དམ་འཛིན། དམ་འཛིན་ཞིབ་ཕྲ། དམ་འཛིན་ནན་པོ། ཕན་འབྲས་ལ་དམ་འཛིན་བཅས་བྱས་ནས་ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་པ་འཛུགས་སྐྱོང་གི་ལག་ལེན་གྱི་གྲུབ་འབྲས་དང་། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས། ལམ་ལུགས་ཀྱི་གྲུབ་འབྲས་བཅས་ཟམ་མི་ཆད་པར་སྲ་བརྟན་དུ་མཐོ་རུ་བཏང་སྟེ་སང་ལོའི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་གྱི་ལས་དོན་ལ་རྨང་གཞི་ཡག་པོ་བཏིང་ནས་མི་དམངས་ཀྱིས་ཡིད་ཆེས་ཆོག་པ་དང། བློས་འགེལ་ཆོག་པ། བློ་བདེ་པོ་ཡོང་བ་བཅས་ཀྱི་ས་མཐོའི་སྲིད་ཁྲིམས་ཀྱི་དམག་ཧྲག་ཅིག་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།