བོད་ལྗོངས་ཀྱི་ཞིང་འབྲོག་པ་ཁྲི46ལས་ཞུགས་གཞན་སྒྱུར་བྱས་པར་ངལ་ནུས་ཡོང་འབབ་ལ་སྒོར་དུང་ཕྱུར37.5བྱུང་བ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་སྔོན་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར། བོད་ལྗོངས་ཀྱི་ཞིང་འབྲོག་པ་ཁྲི་46.1ལས་ཞུགས་གཞན་སྒྱུར་བྱས་པ་དང་། ལོ་འཁོར་གྱི་དམིགས་ཚད་ཀྱི76.8%ལེགས་གྲུབ་བྱུང་ཡོད་པ་དང་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས53.6མཐོ་རུ་ཕྱིན་པས། ངལ་ལས་ཡོང་སྒོ་སྒོར་དུང་ཕྱུར37.5མངོན་འགྱུར་བྱུང་ཡོད། ལོ་འཁོར་གྱི་དམིགས་ཚད་ཀྱི་85.0%ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས61.4ཡི་མཐོ་རུ་ཕྱིན་ཡོད།

ད་ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས《ཞིང་འབྲོག་མང་ཚོགས་ལ་རྩ་འཛུགས་ཡོད་པའི་སྒོ་ནས་ས་ཁོངས་ལས་བརྒལ་བའི་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལས་ཀའི་ཇུས་གཞི》དང《པྲོག་གསར་གློ་ཚད་རིམས་ནད་ཁ་གཏད་ནས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ཇེ་མགྱོགས་སུ་བཏང་སྟེ་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་ཇུས་གཞི》བཏོན་ནས་མི་སྒེར་དང་། ཁེ་ལས། ངལ་ནུས་ཕྱིར་གཏོང་བཅས་ཁྲོམ་རའི་བྱེད་པོ་ལ་དེ་མཚུངས་ཀྱི་ལམ་རིན་ཁ་གསབ་དང་། ལས་ཞུགས་བྱ་དགའ་བསྡུ་ལེན། ལས་ཞུགས་ལས་གཏོད་ཞབས་ཞུའི་ཁ་གསབ་བཅས་སྤྲད་པ་རེད། “ལས་ཀས་གསོ་སྦྱོང་གི་ཚབ་བྱེད་པ་”དང་། “རྒུད་གསབ་ལས་སྤྲོད་”དང་། མངགས་ཐོ། ཟས་ཐོ། ལས་ཀའི་རྣམ་པ་རྐྱང་པའི་གསོ་སྦྱོང་བཅས་བྱས་པ་བརྒྱུད། ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལ་གནད་སྨིན་སྐུལ་འདེད་བཏང་ནས་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་ཡོང་བ་བྱས།

ཉེ་སྔོན། བོད་ཀྱི་ངལ་ནུས་ཁྲོམ་རའི་བྱེད་པོ3300ལྷག་ཙམ་ནས6700ལྷག་ཙམ་བར་མང་དུ་ཕྱིན་ནས་བོད་ཀྱི་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་སུ་ཁྱབ་ཡོད། ཁྱད་ལྡན་ཐོན་ལས་དང་། རྣམ་གྲངས་འཛུགས་སྐྲུན། ཆེད་གཉེར་མཉམ་ལས་རྩ་འཛུགས་སོགས་ཀྱི་ཁྱབ་ཁོངས་སུ་ཁྱབ་ཡོད། ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་རྟེན་གཞི600འཛུགས་སྐྲུན་ལ་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་ཡོད་པས། ཟླ7པར་སྒོ་བྱང་བཀལ་ནས་ཞིང་འབྲོག་པ་ཐག་ཉེ་སར་ལས་ཞུགས་ཐུབ་རྒྱུར་འགན་ལེན་བརྟན་འཇགས་བྱ་རྒྱུ་རེད། གཞན་ཡང་ད་དུང་བོད་ལྗོངས་ལག་རྩལ་སློབ་གླིང་དང་། ས་ཁུལ་དང་གྲོང་ཁྱེར་གྱི་དངོས་སྦྱོང་རྟེན་གཞི། ལས་རིགས་ལག་རྩལ་གསོ་སྦྱོང་སྒྲིག་གཞི་སོགས་ཀྱིས་གཞི་ཁྱོན་ཆེན་པོས་ཡུལ་དངོས་གསོ་སྦྱོང་དང་། དྲ་ཐོག་གསོ་སྦྱོང་། གནད་སྨིན་གསོ་སྦྱོང་བཅས་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།