ད་ལོ་བོད་ལྗོངས་ཡོངས་སུ་རྒྱུགས་སྤྲོད་སློབ་མ32973གྱིས་མིང་ཐོ་བཀོད་ནས་ཡིག་རྒྱུགས་ལ་ཞུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ཡིག་གི་ཡིག་རྒྱུགས་མཇུག་སྒྲིལ་བའི་དྲིལ་བརྡ་གྲགས་པ་དང་བསྟུན་ནས། བོད་ལྗོངས་ཀྱི2020ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་རྒྱལ་ཡོངས་གཅིག་གྱུར་རྒྱུགས་སྤྲོད་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད།

བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོ་ལྗོངས་ཡོངས་སུ་རྒྱུགས་སྤྲོད་སློབ་མ(ཁ་གཏད་མཐོ་རིམ་ལས་རིགས་སློབ་གྲྭར་མིང་ཐོ་བཀོད་པའི་རྒྱུགས་སྤྲོད་སློབ་མ་ཚུད་མེད་པ)32973གྱིས་མིང་ཐོ་བཀོད་པའི་ནང་། མི589རྒྱུགས་ལ་ཞུགས་མེད་པ་དང་། རྒྱུགས་ཁུལ10དང་། རྒྱུགས་གནས32། རྒྱུགས་ར1162བཅས་བཀོད་སྒྲིག་བྱས་ཡོད། དབང་སྐྱོན་སློབ་མ17གྱིས་ཡིག་རྒྱུགས་ལ་མིང་ཐོ་བཀོད་པ་དང་དེའི་ནང་སློབ་མ་ལོང་བ2ཡོད་པ་རེད། ད་དུང་ལྗོངས་ཡོངས་སུ་མཐོ་རྒྱུགས་ལས་དོན་པ6000ལྷག་བཀོད་སྒྲིག་བྱས་པ་དང་མཐོ་རྒྱུགས་ཀྱི་ཡིག་རྒྱུགས་དཔྱད་བསྡུར་བྱེད་མཁན་དགེ་རྒན316སྐོང་འཐེན་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།