བོད་ལྗོངས་ཀྱི་ལས་དོན་ཚོགས་ཆུང་བཅུ་གསུམ་གྲོང་ཁྱེར་དང་ས་གནས་ཁག་ཏུ་བསྐྱོད་དེ་འབྲུབ་དུས་གོང་གི་ཞིབ་བཤེར་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་གནམ་གཤིས་ཅུས་དང་ཆུ་དཔྱད་ཅུས་ཀྱི་སྔོན་བརྡར་གཞིགས་ན། འདི་ལོའི་འབྲུབ་དུས་སུ་ལྗོངས་ཡོངས་སུ་ཆར་པ་འབབ་ཚད་མང་དུ་ཕྱིན་པ་དང་ཆ་སྙོམས་དྲོད་ཚད་ཀྱང་མཐོ་རུ་ཕྱིན་པ་མ་ཟད། གཙང་པོ་གཙོ་བོའི་ཆུ་ཁ་ཡང་རྒྱུན་གཏན་ལས་མཐོ་བ་ཡོད་པ་རེད། འདི་ལོའི་འབྲུབ་འགོག་ཐན་འགོག་ལས་དོན་ཡག་པོ་སྒྲུབ་ཆེད། རང་སྐྱོང་ལྗོངས་འབྲུབ་འགོག་ཐན་འགོག་འཕྲལ་སྡོམ་བཀོད་འདོམས་པུའུ་དང་ཆུ་བེད་ཐིང་གིས་སྔ་སྣུར་དུ་འཆར་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་འབྲུབ་འགོག་གྲ་སྒྲིག་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ་རེད།

འདི་ལོ་ཚུན་དུ་རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས་ལས་དོན་ཚོགས་ཆུང13གྲོང་ཁྱེར(ས་ཁུལ)7ལ་བཏང་ནས་འབྲུབ་དུས་གོང་དུ་ཞིབ་བཤེར་དང་མངོན་མེད་རྐྱེན་ངན་གྲལ་བཤེར་སོགས་ལས་དོན་ཁག་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་རེད། གྲོང་ཁྱེར(ས་ཁུལ)ཁག་གི་ཆུ་བེད་ཅུས་ཀྱིས་ཀྱང་ལས་དོན་ཚོགས་ཆུང49བཏང་ནས་འབྲུབ་དུས་གོང་གི་ཞིབ་བཤེར་མཛུབ་ཁྲིད་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་དང་ཆབས་ཅིག དུས་ཐོག་ཏུ་བརྡ་ཐོ་གཏོང་བ་དང་། ལྗོངས་ཡོངས་ཀྱི་བརྙན་ལམ་ཚོགས་འདུ་འཚོགས་པ། མངོན་བཤེར་ལྐོག་ཞིབ་བྱེད་པ་སོགས་ཀྱི་ལས་དོན་སྤེལ་བ་མ་ཟད། ཆུ་མཛོད་ཁག་ཏུ“འགན་འཁུར་བ་གསུམ”དང“གཙོ་གནད་ལྷུ་ཚིགས་གལ་ཆེན་གསུམ”གྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ལྟ་སྐུལ་དང་། འགན་འཁུར་བའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར། ཆུ་མཛོད་ཀྱི་བདེ་འཇཌ་དང་འབྲུབ་སྒྲོལ་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པ་དང་འབྲེལ་གནད་དོན་ལ་གཞིཌ་ནས། གནད་དོན་གྱི་གསལ་ཐོ་དང་འགན་འཁྲིའི་གསལ་ཐོ་འོས་འཚམ་བཟོས་ནས་དག་ཐེར་བྱེད་ཐབས་དང་། དག་ཐེར་གྱི་འགན་འཁུར་བ། དག་ཐེར་གྱི་དུས་བཅད་བཅས་རིམ་གྱིས་ཁ་གསལ་བཟོས་པ་རེད།

དེ་དང་ཆབས་ཅིག ཆུས་བསྣུབས་པའི་ལས་གྲྭ་ཉམས་བཟོ་བྱ་རྒྱུ་མགྱོགས་སུ་བཏང་ནས་ཟླ་ལྔ་པའི་ཟླ་མཇུག་ཏུ2019ལོར་ཆུས་བསྣུབས་པའི་ལས་གྲྭ་ཉམས་བཟོ་བྱེད་པའི་ལས་འགན་ཚང་མ་ལེགས་སྒྲུབ་བྱས་པ་རེད། ཟླ6པའི་ཚེས1ཉིན་ནས་བཟུང་བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་འབྲུབ་འགོག་གཞུང་དོན་ཁང་དང་ཆུ་བེད་སྡེ་ཚན་གྱིས་ཆུ་ཚོད་ཉེར་བཞིའི་འབྲུབ་འགོག་སྡོད་བྱའི་ལམ་སྲོལ་ལག་བསྟར་བྱས་ནས་འབྲུབ་འགོག་གི་སྡོད་བྱ་དང་འབྲུབ་འགོག་གྲོས་མོལ་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།