ནག་ཆུ་གྲོང་ཁྱེར་གྱིས“གཤམ་སྤེལ་ལྔ”དང་མང་ཚོགས་རང་བཞིན་གྱི་རིག་རྩལ་དྲིལ་བསྒྲགས་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ནག་ཆུ་གྲོང་ཁྱེར་གྱི2020ལོའི“གཤམ་སྤེལ་ལྔ”དང་མང་ཚོགས་རང་བཞིན་གྱི་རིག་རྩལ་དྲིལ་བསྒྲགས་བྱ་འགུལ་དེ་སྙན་རོང་རྫོང་གི་ཤག་ཆུ་ཤང་དང་བེ་གཞུང་ཤང་དུ་སྤེལ་འགོ་བརྩམས་ཤིང་། ཐེངས་འདིའི་བྱ་འགུལ་དུས་ཡུན་ཉིན10རིང་ལ་སྤེལ་རྒྱུ་རེད།

བྱ་འགུལ་གྱི་ཡུལ་དངོས་སུ། ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་དང་། ནག་ཆུ་སྨན་རྩིས་ཁང་། མ་བུ་བདེ་སྲུང་སྨན་ཁང་བཅས་ཀྱིས་སྨན་རྫས་སྐྱེལ་བ་དང་རིན་མེད་བརྟག་དཔྱད་བྱ་འགུལ་སྤེལ་ཏེ། འཆར་ལྡན་བུ་བཙའ་དང་། མ་བུ་བདེ་སྲུང་། ནད་གཞི་སྔོན་འགོག་སོགས་ཀྱི་ཤེས་བྱ་སྒྲོག་འགྲེལ་བྱས། ནག་ཆུ་གྲོང་ཁྱེར་ཚན་རྩལ་ཅུའུ་དང་། ཞིང་ལས་ཞིང་སྡེ་ཅུའུ། རྒྱང་བསྒྲགས་བརྙན་འཕྲིན་ཅུའུ་བཅས་ཀྱིས་གྲུབ་པའི་ཚན་རྩལ་རུ་ཁག་གིས་འབྲེལ་ཡོད་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་ཡིག་ཆ་དང་འགྲེམ་གཏོང་བྱས་ཏེ། རོང་འབྲོག་མང་ཚོགས་ལ་ཁྱིམ་ཆས་ཞིག་གསོ་དང་། ཕྱུགས་ཟོག་གི་རིགས་རྒྱུད་ལེགས་བཅོས། རིམས་ནད་འགོག་བཅོས་དང་ཞིང་ལས་སྐྱེ་དངོས་འདེབས་འཛུགས། འདེབས་འཛུགས་སྒྲིག་གཞི་ལེགས་སྒྲིག གནོད་འགོག་རྒུད་སེལ་སོགས་ཀྱི་ཞིང་ཕྱུགས་དངོས་སྤྱོད་ལག་རྩལ་ཁྱབ་གདལ་དུ་བཏང་། ནག་ཆུ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་དང་། འཚུབ་བསྟུན་དོ་དམ་ཅུའུ། མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གྲུབ་པའི་སྲིད་ཇུས་ཁྲིམས་ལུགས་ཞབས་ཞུ་རུ་ཁག་གིས་གཙོ་གནད་དུ《རྩ་ཁྲིམས》སོགས་ཁྲིམས་ལུགས་ཁྲིམས་སྲོལ་ལ་ཁྱབ་གདལ་དྲིལ་བསྒྲགས་བྱས། མཇུག་མཐར་ནག་ཆུ་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་གིས་རོང་འབྲོག་མང་ཚོགས་ལ་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།