བོད་ལྗོངས་གནམ་གཤིས་ཚན་པས་ཆར་ཞོད་འཕེལ་བའི་རིང་གི་གནམ་གཤིས་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ཆར་ཞོད་ཚུགས་ཚུན།  ལྗོངས་ཡོངས་སུ་ཆ་སྙོམས་ཆར་པ་བབ་ཚད་ཅུང་མང་བ་དང་ས་ཆ་མང་པོའི་ཉིན་མ་དང་ཟླ་བའི་ཆ་སྙོམས་ཆར་པ་བབ་ཚད་ལོ་རྒྱུས་ཀྱི་དུས་མཚུངས་པའི་མང་ཤོས་ཟིན་ཡོད།  ཆར་ཞོད་ཆེ་བའི་ཛ་དྲག་གི་གནམ་གཤིས་ལ་ཁ་གཏད་གཅོག་ཆེད།  བོད་ལྗོངས་གནམ་གཤིས་ཚན་པས་གོང་འོག་མཉམ་འགུལ་ངང་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས།  ཆར་ཞོད་འཕེལ་བའི་རིང་གི་གནམ་གཤིས་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་བཞིན་ཡོད།

རང་སྐྱོང་ལྗོངས་གནམ་གཤིས་ཅུད་ཀྱིས་གནམ་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་གནད་འཕིགས་ཐུབ་ཚད་དང་ཞབས་ཞུ་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་དམིགས་ནས།  རིག་ནུས་དྲ་མིག་གི་སྔོན་བརྡའི་ལས་སྒོ་སྤེལ་ཤུགས་ཆེ་རུ་བཏང་བས་ལྗོངས་ཡོངས་ཀྱི་རྫོང(ཆུས)74ལ་དུས་ཡུན་འབྲིང་ཐུང་དང་ཤང(གྲོང་རྡལ)695ལ་གནམ་གཤིས་སྔོན་བརྡ་གནད་འཕིགས་ཀྱི་ཞབས་ཞུ་ཡོངས་ཁྱབ་ཐུབ་པ་དང་།  ལྗོངས་ཡོངས་སུ་རིག་ནུས་དྲ་མིག་ཅན་གྱི་གནམ་གཤིས་སྔོན་བརྡའི་ལས་སྒོའི་མ་ལག་སྐྲུན་ཐུབ་ནས་རིག་ནུས་དྲ་མིག་སྔོན་བརྡའི་ལས་སྒོ་གཉེར་ཤུགས་ཆེ་རུ་ཕྱིན་ཡོད།

རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱི་དབུ་འཛིན་གཞོན་པ་ཀྲའུ་ཀྲེན་པོའོ་ནས།  ང་ཚོས་རིག་ནུས་དྲ་མིག་སྔོན་བརྡའི་ལས་སྒོའི་མ་ལག་ལ་བརྟེན་ནས་འབྲུབ་ཆུ་རྒྱས་དུས་སུ་ཆུ་ཚོད24ཡི་གནོད་འཚེའི་ཁུལ་གྱི་སྔོན་བརྡ་དང་།  ཆུ་ཚོད72ཀྱི་རྫོང(ཆུས)ཁག་གི་ཞིབ་ཚགས་ཅན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྔོན་བརྡ་སོགས་ཀྱི་ལས་དོན་སྤེལ་ཏེ།  རིམ་ཁག་ཏང་ཨུད་དང་སྲིད་གཞུང་།  དེ་བཞིན་འབྲེལ་ཡོད་ཚན་པས་ཞོད་ཐན་འགོག་སེལ་གྱི་བཀོད་དོམས་ལས་དོན་ཡག་པོ་སྒྲུབ་རྒྱུར་ཚན་རིག་དང་མཐུན་པའི་མཛད་ཇུས་ཀྱི་གཞི་འཛིན་ས་མཁོ་འདོན་ཐུབ་པ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།